From Rangjung Yeshe Wiki - Dharma Dictionary
< Dictionaries | Monlam Grand(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
སྲད་དཀར་ (1)
| Part of speech
|
མིང་ཚིག
|
| Definition
|
ལོ་རེ་བཞིན་སྐྱེ་བའི་སྔོ་སྨན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། རྩ་བ་སེར་སྐྱ་སྙུང་རིལ་དབྱིབས་ཅུང་ཟད་སྦོམ་ལ་རྟིང་པ་རིང་ཞིང་རྩ་ཕྲན་ཡོད་པ་དང༌། སྡོང་པོ་ལྗང་སྐྱ་ཕྲ་ལ་རིང་བ་མཐོ་གང་ལྷག་ཙམ་ཡོད་པ་མཉམ་དུ་ཕུང་པོར་སྐྱེ་བ་དང༌། སྟོད་ཆ་ནས་ཡལ་ག་གྱེས་པའང་ཡོད། ལོ་མ་ལྗང་སྐྱ་ཆུང་ལ་སྐྱེ་རིམ་གཉིས་ཀྱི་སྒྲོ་དབྱིབས་མང་ལོར་སྤུ་དཀར་འཇམ་པོས་ཁྱབ་པ། མེ་ཏོག་དཀར་པོ་ཆུང་ཞིང་སྲན་མའི་མེ་ཏོག་གི་དབྱིབས་འདྲ་བར་སེར་མདངས་ཅུང་ཟད་ཡོད་པ་སྡོང་པོའི་རྩེར་བང་རིམ་དུ་འཆར་བ་དང༌། ཡལ་རྗེས་གང་བུ་རིམ་པར་ཐུར་དུ་འཕྱང་ནས་འདོགས་པ་བཅས། བོད་ཀྱི་ས་གནས་ཁག་གི་ན་གཤོངས་དང༌། ཆུ་ཡུལ་གྱི་ཉེ་འགྲམ། བྱེ་ཤས་ཆེ་བའི་ན་ཁ་སོགས་སུ་སྐྱེ་བ། བོད་ཟླ་དྲུག་པའི་ནང་མེ་ཏོག་བཏུས་ཏེ་བསིལ་སར་བསྐམས་ནས་སྨན་དུ་སྤྱོད་རྒྱུ། རོ་མངར་ལ་བསྐ་བ། ཞུ་རྗེས་མངར་བ། ནུས་པ་བསིལ་ལ་རྩུབ་རྣོ་དང་ལྡན་པས་དམུ་ཆུའི་ནད་དང༌། བད་ཀན་གྱི་ནད། སྐྱ་རྦབ། མཆེར་ནད། རྒྱུ་གཟེར་གྱི་ནད། གློ་ཚད། མོ་ནད་སོགས་ལ་ཕན་པ་ཡིན།
|
སྲད་དཀར་ (2)
| Part of speech
|
མིང་ཚིག
|
| Definition
|
སྲད་བུ་སྐུད་པའི་བརྡ་རྙིང་ཡིན་པས་སྐུད་པ་དཀར་པོའི་དོན།
|