102827
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ལོ་རེ་བཞིན་སྐྱེ་བའི་སྔོ་སྨན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། རྩ་བ་སེར་སྐྱ་ཕྲ་ལ་རིང་བ་དང༌། སྡོང་པོ་སྔོ་ལྗང་དམར་ཐིག་ཅན་ཕྲ་ལ་རིང་བར་སྤུ་དཀར་ཐུང་ངུ་ཐར་ཐོར་ཡོད་པ་ཆིག་སྐྱེས་དྲོང་པོར་སྐྱེ་བ། ལོ་མ་ལྗང་སྐྱ་སྤུ་སོབ་ཅན་སྐྱེ་རིམ་གཉིས་ཀྱི་སྒྲོ་དབྱིབས་མང་ལོ་སྲད་རིགས་གཞན་དང་འདྲ་ཅུང་ཆེ་བ་ཡོད། མེ་ཏོག་ཟིང་དམར་སྲན་མའི་མེ་ཏོག་འདྲ་བ་ཐུར་དུ་འཕྱང་ནས་རིམ་པར་སྐྱེ་བ་དང༌། ཡལ་རྗེས་གང་བུའང་ཐུར་དུ་འཕྱང་ནས་འདོགས་པ་བཅས། བོད་ཀྱི་ཁ་སྟོད་སྤང་དང༌། རི་ལྡེབས་ས་མཁྲེགས་སོགས་སུ་སྐྱེ་བ། ལོ་སྡོང་མེ་ཏོག་ཁ་འབུས་དུས་སམ་བོད་ཟླ་དྲུག་པའི་ནང་བཏུས་ཏེ་གཙང་མར་བཀྲུས་རྗེས་སྔོ་ཆོལ་རྨ་ཕབ་ཐོག་བསིལ་སར་བསྐམས་ནས་སྨན་དུ་སྤྱོད་རྒྱུ། རོ་མངར་ལ་ཁ་བ། ཞུ་རྗེས་མངར་བ། ནུས་པ་བསིལ་ཞིང་རྣོ་བས་འོར་དང་སྐྱ་རྦབ་འཇོམས་ཤིང༌། ཁྲག་གཟེར་སེལ་ཁྲག་ལམ་མཐུད། ཁྱད་པར་ཁྲག་བཤལ་གྱི་ནད་ལ་མཆོག་ཏུ་བསྔགས་པའོ། ། |