102828
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ལོ་རེ་བཞིན་སྐྱེ་བའི་སྔོ་སྨན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། རྩ་བ་སེར་སྐྱ་རྒྱུས་ཕྲན་ཤད་པ་འདྲ་བ་མང་བ་དང༌། སྡོང་པོ་སྔོ་སྐྱ་ཕྲ་ལ་རིང་ཐུང་སྐྱེ་གནས་དབང་གིས་སྣ་ཚོགས་མཆིས་པ། ལོ་མ་སྔོ་སྐྱ་ཕྲ་ལ་ཐུང་བ་སྒྲོ་དབྱིབས་སྤུ་དཀར་འཇམ་པོ་ཐར་ཐོར་ཅན་རེ་རེས་མོས་སུ་སྐྱེ་བ། མེ་ཏོག་སྔོ་ནག་མདངས་དང་ལྡན་པ་ཡལ་སྡོང་གི་རྩེར་བང་རིམ་དུ་འཆར་ཞིང་གང་བུ་རིམ་པར་ཐུར་དུ་འཕྱང་ནས་འདོགས་པ་བཅས། བོད་ཀྱི་ས་གནས་ཚང་མའི་སྤང་གི་མཐའ་དང༌། ན་ཁ་སོགས་ཡོད་པའི་རི་ཀླུང་གང་སར་སྐྱེ་བ། ལོ་སྡོང་མེ་ཏོག་ཁ་འབུས་དུས་སམ་བོད་ཟླ་དྲུག་པའི་ནང་བཏུས་ཏེ་གཙང་མར་བཀྲུས་རྗེས་སྔོ་ཆོལ་རྨ་ཕབ་ཐོག་བསིལ་སར་བསྐམས་ནས་སྨན་དུ་སྤྱོད་རྒྱུ། རོ་ཁ་ལ་བསྐ་བ། ཞུ་རྗེས་ཁ་བ། ནུས་པ་བསིལ་བས་དམུ་རྫིང་སྐེམ་ཞིང༌། དུག་ནད་རྣམས་འདྲེན་པར་བྱེད་པ་ཡིན། |