102836

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 21:08, 14 September 2021 by Jeremi (talk | contribs) (CSV import MGD Import Part 7)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
སྲད་སེར་ (1)
Part of speech མིང་ཚིག
Definition ལོ་རེ་བཞིན་སྐྱེ་བའི་སྔོ་སྨན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། རྩ་བ་སེར་སྐྱ་ཕྲ་ལ་རིང་ཞིང་གྱོང་བར་རྩ་ཕྲན་གྱེས་པ། སྡོང་པོ་ལྗང་སྨུག་ཕྲ་ལ་རིང་བ་འདྲོང་པར་སྐྱེ་བ། ལོ་མ་ལྗང་སྐྱ་སྒྲོ་དབྱིབས་མང་ལོ་གཞི་རྩ་ནས་གྱེས་པར་སྤུ་འཇམ་ཡོད་པ། མེ་ཏོག་སེར་པོ་ཕྱེ་མ་ལེབ་ཀྱི་དབྱིབས་ཅན་རྒྱལ་མཚན་ལྟར་ཐུར་དུ་འཕྱང་ནས་འཆར་བ། གང་བུ་སྲད་རིགས་གཞན་ལས་ཆེ་བ་ཡོད། འདི་ལ་སྐྱེ་གནས་དབང་གིས་ཅུང་མི་འདྲ་བའང་ཡོད། བོད་ཀྱི་ས་ཆ་མང་པོའི་རི་ཐང་མཚམས་དང་ཤིང་གསེབ་ཏུ་སྐྱེ་བ༌མང་། བོད་ཟླ་དྲུག་པའི་ནང་ལོ་སྡོང་མེ་འབྲས་ལྷན་ཅིག་ཏུ་བཏུས་ཏེ་གཙང་མ་བཀྲུས་རྗེས་ཁཎྜར་ཕབ་ནས་སྨན་དུ་སྤྱོད་རྒྱུ། རོ་མངར་ལ་ཁ་བ། ཞུ་རྗེས་མངར་བ། ནུས་པ་བསིལ་ཞིང་ལྕི་བས་རྩ་ཚད་ཞུགས་པ་དང༌། རྨ་ཚད་རྒྱས་པ། ཁྲག་ཤོར་གཅོད་པ་སོགས་ལ་ཕན་པ་ཡིན།

{{#arraymap:སྲད་སེར་

|; |@@@ | | }}