102838

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 21:08, 14 September 2021 by Jeremi (talk | contribs) (CSV import MGD Import Part 7)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
སྲད་སྨུག་ (1)
Part of speech མིང་ཚིག
Definition ལོ་རེ་བཞིན་སྐྱེ་བའི་སྔོ་སྨན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། རྩ་བ་སེར་སྐྱ་ཕྲ་བ་རྒྱུས་ཕྲན་ཤད་པ་འདྲ་བ་དང༌། ལོ་མ་སྔོན་པོ་ལེབ་ཅིང་ཆུང་བ་སྐྱེ་དབྱིས་གཉིས་ཀྱི་སྒྲོ་དབྱིབས་ཅན་སར་བགྲད་ནས་སྐྱེ་ཞིང་སྤུ་སེར་ཐུང་ངུ་ཡོད་པ། སྡོང་པོ་ཕྲ་ལ་ཐུང་བའི་རྩེར་མེ་ཏོག་དམར་སྨུག་སྲད་རིགས་གཞན་དང་འདྲ་བ་འཆར་བ་དང༌། གང་བུ་ཆུང་ཆུང་ཐུང་ལ་འབྲུ་གུ་ནག་ཆུང་གཉིས་གསུམ་ཙམ་རེ་ཡོད་པ་བཅས། བོད་ཀྱི་རི་མཐོའི་སྤང་དང༌། གད་ཁྲེབ། ས་ནག རྫ་འགྲམ་སོགས་སུ་སྐྱེ་བ། བོད་ཟླ་དྲུག་པའི་རྩ་ལོ་མེ་འབྲས་ལྷན་ཅིག་ཏུ་བཏུས་ཏེ་གཙང་མ་བཟོས་རྗེས་ཁཎྜར་ཕབ་ནས་སྨན་དུ་སྤྱོད་རྒྱུ། རོ་ཁ་ལ་སྐ་བ། ཞུ་རྗེས་ཁ་བ། ནུས་པ་བསིལ་ཞིང་རྩུབ་པས་ཚད་པའི་ནད་རིགས་སྤྱི་དང༌། བྱང་ཁོག་གི་རྨ་ཚད། དམུ་ཆུའི་ནད། འཐིབས་ནད་སོགས་ལ་ཕན་པ་ཡིན།

{{#arraymap:སྲད་སྨུག་

|; |@@@ | | }}