From Rangjung Yeshe Wiki - Dharma Dictionary
< Dictionaries | Monlam Grand(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
སྲིད་གསུམ་ (1)
| Part of speech
|
མིང་ཚིག
|
| Definition
|
མདོ། འདོད་པའི་སྲིད་པ་དང་། གཟུགས་ཀྱི་སྲིད་པ་དང་། གཟུགས་མེད་པའི་སྲིད་པའོ། །ཞེས་དང་།
|
| Domain
|
ཆོས་ལུགས།
|
སྲིད་གསུམ་ (2)
| Part of speech
|
མིང་ཚིག
|
| Definition
|
སྔགས། མ་ཧཱ་ཡོ་ག གསང་བ་མ་ཧཱ་ཡོ་ག་པས་ནི། འདོད་པའི་སྲིད་པ་ཡུམ་སྟེ། ཅིའི་ཕྱིར་ཞེ་ན། འདོད་ཅིང་ཆགས་པར་བྱ་བའི་ཡུལ་ཏེ། གཟུགས་ཀྱི་སྲིད་པ་ནི་ཡབ་སྟེ། ཅིའི་ཕྱིར་ཞེ་ན། སྐྱེ་བའི་རྒྱུ་མཚན་ཉིད་ཅན་ཡིན་པའི་ཕྱིར་རོ། །གཟུགས་མེད་པའི་སྲིད་པ་ནི་བྱང་ཆུབ་ཀྱི་དབྱིངས་ཀྱི་བདེ་བ་ཆེན་པོ་ནས་འབྱུང་བའི་ཕྱིར་རོ། །དེ་དག་ཀྱང་ཐབས་དང་ཤེས་རབ་བྱང་ཆུབ་ཀྱི་དཀྱིལ་འཁོར་དུ་ཡེ་ནས་སངས་རྒྱས་པའི་རང་བཞིན་དུ་གནས་ཤིང་ཞེས་བྱའོ། །
|
སྲིད་གསུམ་ (3)
| Part of speech
|
མིང་ཚིག
|
| Definition
|
ཕོའི་སྲིད་པ་དང་། མོའི་སྲིད་པ་དང་། སྐྱེ་བའི་སྲིད་པ་སྟེ། དེ་ཡང་ཐབས་དང་ཤེས་རབ་ལྷག་པའི་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་སྐྱེ་བའི་རང་བཞིན་ཅན་ནོ། །ཞེས་གསུངས།
|