102958

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 21:10, 14 September 2021 by Jeremi (talk | contribs) (CSV import MGD Import Part 7)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
སྲིད་པ་ཉི་ཤུ་རྩ་ལྔ་ (1)
Part of speech མིང་ཚིག
Definition མྱང་འདས་ལེའུ་ལྔ་པ་འཕགས་པའི་སྤྱོད་པ་ཞེས་བྱ་བའི་ལེའུ་ལས་བྱུང་བ་སྟེ། ༡ སེམས་ཅན་དམྱལ་བའི་སྲིད་པ། ༢ བྱོལ་སོང་གི་སྲིད་པ། ༣ ཡི་དྭགས་ཀྱི་སྲིད་པ། ༤ ལྷ་མ་ཡིན་གྱི་སྲིད་པ། ༥ ཤར་གྱི་ལུས་འཕགས་གླིང་དུ་སྐྱེ་བའི་སྲིད་པ། ༦ ནུབ་ཀྱི་བ་གླང་སྤྱོད་དུ་སྐྱེ་བའི་སྲིད་པ། ༧ བྱང་གི་སྒྲ་མི་སྙན་དུ་སྐྱེ་བའི་སྲིད་པ། ༨ ལྷོ་འཛམ་བུ་གླིང་དུ་སྐྱེ་བའི་སྲིད་པ། ༩ རྒྱལ་ཆེན་བཞིའི་གནས་སུ་སྐྱེ་བའི་སྲིད་པ། ༡༠ སུམ་ཅུ་རྩ་གསུམ་གནས་གནམ་དུ་སྐྱེ་བའི་སྲིད་པ། ༡༡ འཐབ་བྲལ་གནམ་དུ་སྐྱེ་བའི་སྲིད་པ། ༡༢ དགའ་ལྡན་གནམ་དུ་སྐྱེ་བའི་སྲིད་པ། ༡༣ འཕྲུལ་དགའ་གནམ་དུ་སྐྱེ་བའི་སྲིད་པ། ༡༤ གཞན་འཕྲུལ་དབང་བྱེད་གནམ་དུ་སྐྱེ་བའི་སྲིད་པ། ༡༥ བསམ་གཏན་དང་པོའི་སྲིད་པ། ༡༦ ཚངས་པ་ཆེན་པོའི་སྲིད་པ། ༡༧ བསམ་གཏན་གཉིས་པའི་སྲིད་པ། ༡༨ བསམ་གཏན་གསུམ་པའི་སྲིད་པ། ༡༩ བསམ་གཏན་བཞི་པའི་སྲིད་པ། ༢༠ འདུ་ཤེས་མེད་པའི་སྲིད་པ། ༢༡ གཙང་མའི་རིས་ལན་གཅིག་ཕྱིར་མི་ལྡོག་པའི་སྲིད་པ། ༢༢ ནམ་མཁའ་མཐའ་ཡས་སྐྱེ་མཆེད་སྟེང་གི་སྲིད་པ། ༢༣ རྣམ་ཤེས་མཐའ་ཡས་སྐྱེ་མཆེད་སྟེང་གི་སྲིད་པ། ༢༤ ཅུང་ཟད་མེད་པའི་སྐྱེ་མཆེད་སྟེང་གི་སྲིད་པ། ༢༥ འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་སྟེང་གི་སྲིད་པ་བཅས་སོ། །
Domain ཆོས་ལུགས།