102998

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 21:11, 14 September 2021 by Jeremi (talk | contribs) (CSV import MGD Import Part 7)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
སྲིད་པའི་ཟག་པ་ (1)
Part of speech མིང་ཚིག
Definition ཟག་པ་བཞིའི་ཡ་གྱལ། ཁམས་གོང་མའི་མ་རིག་པ་ལས་གཞན་པའི་ཉོན་མོངས་པ་རྣམས་ཏེ། །གཟུགས་དང་གཟུགས་མེད་ན་མ་རིག་པ་མ་གཏོགས་དེ་དག་གི་ཕྲ་རྒྱས་རྫས་ལྔ་བཅུ་རྩ་གཉིས་ཁོ་ན་སྲིད་པའི་ཟག་པ་ཡིན་ནོ། །གཟུགས་དང་གཟུགས་མེད་ན་སྤྱོད་པའི་ཕྲ་རྒྱས་གཅིག་ཏུ་བསྡུས་ནས་སྲིད་པའི་ཟག་པར་བཤད་དེ། དེ་གཉིས་ཀ་ཡང་ལུང་དུ་མ་བསྟན་པ་དང་། ཁ་ནང་དུ་བལྟས་ཏེ་འཇུག་པ་དང་། མཉམ་པར་བཞག་པའི་ས་པ་དག་ཡིན་པར་ཆོས་མཐུན་པ་གསུམ་གྱི་ཕྱིར་གཅིག་ཏུ་བྱས་པའོ། །ཞེས་སོ། །
Domain ཆོས་ལུགས།