103039
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། ཕར་ཕྱིན། མཚན་ཉིད་ནི། དུས་གསུམ་རང་བཞིན་མེད་པར་མཉམ་པ་ཉིད་རྟོགས་པའི་ཤེས་རབ་ཀྱིས་སྲིད་མཐའ་གནོན་ནུས་ཀྱི་བྱང་སེམས་ཀྱི་མཁྱེན་པ། །ཞེས་ཀུན་མཁྱེན་གོ་རམས་པའི་སྦས་དོན་རབ་གསལ་ལས་སོ། ། ༢. པཎ་ཆེན་ཤཱཀ་མཆོག་གིས། ཤེས་རབ་ཀྱིས་འཁོར་བ་རང་བཞིན་མེད་པར་མངོན་སུམ་དུ་རྟོགས་པའི་བྱང་སེམས་ཀྱི་གཞི་ཤེས་དེ། སྲིད་མཐའ་ལ་མི་གནས་པའི་གཞི་ཤེས་ཀྱི་མཚན་ཉིད་དོ། །ཞེས་རྒྱན་འགྲེལ་ལུང་དོན་རྒྱ་མཚོ་ལས་གསུངས། ། ༣. པཎ་ཆེན་ངག་ཆོས་ཀྱིས། དུས་གསུམ་རང་བཞིན་མི་དམིགས་པར་རྟོགས་པའི་ཤེས་རབ་ཀྱིས་སྲིད་པ་འཁོར་བའི་མཐའ་གནོན་པར་ནུས་པའི་བྱང་འཕགས་ཀྱི་སྒོམ་ལམ་མཉམ་བཞག་ཡེ་ཤེས་དེ། །འདིར་བསྟན་སྲིད་མཐའ་ལ་མི་གནས་པའི་གཞི་ཤེས་ཀྱི་མཚན་ཉིད་དོ། །ཞེས་ཤེར་འགྲེལ་དགོངས་དོན་རབ་གསལ་ལས་གསུངས་སོ། ། |
| Domain | ཆོས་ལུགས། |