103105
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། འདུལ་བ། ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་རང་དབང་བའི་སྲིན་བལ་གྱི་སྟན་བྱས་སམ་བྱེད་དུ་བཅུག་སྟེ། བྱེད་པ་མཐར་ཐུག་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་བརྒྱད་དང་། བསམ་པའི་ཡན་ལ་གཉིས་ལས། དང་པོ་ནི། ༡.དེ་ཡང་སྲིན་བལ་ཡིན་པ། ༢.དཀོན་ཞིང་རིན་ཆེ་བ་ཡིན་པ། ༣.ཉུང་ངུ་གཞན་དང་མ་འདྲེས་པ། ༤.གསར་པ་ཡིན་པ། ༥.བདག་པོ་རང་གི་ཉིད་ཡིན་པ། ༦. བྱེད་འཕྲོ་གཞིའི་སེལ་བར་གཏོགས་པ་མ་ཡིན་པ། ༧.གཞི་གཞན་གྱི་སྒོ་ནས་རུང་བ་ཡིན་པ། ༨.ཚད་དང་ལྡན་པའོ། །གཉིས་པ་ནི། འདུ་ཤེས་ནི་གཞིའི་ཡན་ལག་དེ་དག་ལ་མ་འཁྲུལ་བ་སྟེ། དེ་ཡང་ངེས་པའི་འདུ་ཤེས་སམ། རང་གི་གཞིའི་རྣམ་པ་མ་དོར་བར་འཛིན་པའི་ཡིད་གཉིས་ཀྱང་རུང་སྟེ། ཊཱི་ཀ་ལས་ཡིད་གཉིས་ཟ་བའི་འདུ་ཤེས་ཀྱིས་དཔྱད་ན་ཞེས་སོ། །ཀུན་སློང་ནི་རང་དོན་དུ་སྲིན་བལ་གྱི་སྟན་བྱེད་པར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་རང་གིས་སམ་གཞན་ལ་ངག་གིས་བསྐོས་པས་སྟན་བྱེད་པར་ཞུགས་པའོ། །མཐར་ཐུག་ནི་བཀྲམ་པ་རྫོགས་པ་སྟེ་བཀྲམ་པ་ཉིད་བྱེད་པ་མཐར་ཐུག་པ་ཞེས་སོ། །ཞེས་ཀུན་མཁྱེན་མཚོ་སྣ་བའི་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལས་སོ། །འདི་ལ་བཞི་ལས། གཞི་ལ་དངོས་པོ་ནི་སྲིན་བལ་ཡིན་པ་རུང་བ་ཚད་དང་ལྡན་པ་གསར་པ་ཡིན་པ་དམན་པ་དང་མ་འདྲེས་པ་རང་གི་ཡིན་པ། སྔར་གཞན་གྱིས་བཟོ་རྩོམ་མ་བྱས་པའོ། །གནས་ནི་སྲིན་བལ་རིན་ཆེ་བའི་གནས་ཡིན་པའོ། །ཀུན་སློང་སྟན་བྱེད་པར་འདོད་པའོ ། །སྦྱོར་བ་རང་ངམ་གཞན་གྱིས་རྩོམ་པའོ། །མཐར་ཐུག་བཀོད་དེ་བཀྲམ་པ་ཡོངས་སུ་རྫོགས་པའོ། །ཞེས་ཀུན་མཁྱེན་གོ་རམས་པའི་འདུལ་བའི་སྤྱི་དོན་ལས་སོ། །3.དགེ་སློང་གིས་སྲིན་བལ་སྲང་བཅུ་ཡན་ཆད་ལ་འཁོར་གསུམ་ཁེབས་པའི་མཐའི་ཚད་དུ་ལོངས་པའི་གདན་རང་གིས་སམ་གཞན་ལ་བཅོལ་བའི་སྦྱོར་བ་བརྩམ་སྟེ། བཀྲམ་པ་ལ་སོགས་པའི་བྱ་བ་རྫོགས་ནས་མཐར་ཐུག་གྲུབ་པའི་བཅས་པའི་ཁ་ན་མ་ཐོ་བ་དེ་ཡིན་ཏེ། སྲིན་བལ་གྱིས་བྱས་སམ་བྱེད་དུ་བཅུག་ནའོ། །སྟན་ལ་ནི་བཀྲམ་པ་ཉིད་བྱེད་པ་མཐར་ཐུག་པའི་དང་པོ་ཡིན་ནོ། །ཞེས་དང། གང་ཡང་དགེ་སློང་སྲིན་བལ་གྱིས། །གསར་པའི་སྟན་དག་བྱེད་ན་ནི། །དེ་ལ་ལྟུང་བའོ། །དེ་ཡང་གཉིས། གཡོགས་པ་དང་ནི་བརླིངས་པའོ། །ཞེས་གསུངས་པའི་ཕྱིར། གཡོགས་པ་ནི་ཕྱི་གཡོགས་གཞན་གྱི་ནང་དུ་སྲིན་བལ་གྱིས་བཀངས་པའོ། །ཞེས་པཎ་ཆེན་ངག་ཆོས་ཀྱི་འདུལ་བའི་སྤྱི་དོན་ཐུབ་བསྟན་ཉིན་བྱེད་ལས་སོ། ། |
| Domain | ཆོས་ལུགས། |