103319

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 21:17, 14 September 2021 by Jeremi (talk | contribs) (CSV import MGD Import Part 7)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
སྲོག་ (1)
Part of speech མིང་ཚིག
Definition ནག་རྩིས་པས་བརྟག་བྱའི་སྲོག་ལུས་དབང་ཐང་གསུམ་གྱི་ཡ་གྱལ་ཞིག་སྟེ། བྱི་གླང་སྟག་ཡོས་སོགས་བཅུ་གཉིས་སོ། །
Domain རྩིས་རིག
སྲོག་ (2)
Part of speech མིང་ཚིག
Definition མདོ། འདུལ་བ་དང༌ཆོས་མངོན་པ་སོགས་ལས་ལུས་ཅན་གྱི་དྲོད་དང་རྣམ་ཤེས་ཀྱི་རྟེན་དུ་གྱུར་པའི་དབང་པོ་གཙོ་པོ་དང༌། མདོ་དང་བསྟན་བཅོས་གཞན་དག་ལས་སེམས་ཅན་གསོན་པོར་འཚོ་ཞིང་གནས་ཐུབ་པའི་ནུས་པ་དབུགས་དང་བཅས་པ་ལ་སྲོག་ཟེར།
Example སྲོག་གི་བར་ཆད། སྲོག་གཏོང་བ། སྲོག་ཐར་བ། སྲོག་སྐྱོབ་པ་ལྟ་བུ།
Domain ཆོས་ལུགས།
སྲོག་ (3)
Part of speech མིང་ཚིག
Definition ཕུང་པོ་རིགས་མཐུན་གནས་པ་ལ་ལྷག་པར་དབང་བྱེད་པའི་ཚེར་དམིགས་པ། སྲོག་གི་དབང་པོའི་མཚན་ཉིད་ཡིན་ཏེ། རང་འགྲེལ་ལས། སྲོག་གང་ཞེ་ན། སྲོག་ནི་ཚེ་ཡིན། ཆོས་མངོན་པ་ལས་འདི་སྐད་དུ་སྲོག་གི་དབང་པོ་གང་ཞེ་ན། ཁམས་གསུམ་པོའི་ཚེ་ཡིན་ནོ་ཞེས་བྱུང་ངོ་ཞེས་གསུངས་པའི་ཕྱིར། སྲོག་གི་བྱེད་ལས་ཡོད་དེ། ཁམས་འོག་མ་གཉིས་སུ་དྲོད་དང་རྣམ་ཤེས་གཉིས་ཀ་དང་གཟུགས་མེད་ཁམས་སུ་རྣམ་ཤེས་ཁོ་ནའི་རྟེན་བྱེད་པའི་ཕྱིར།
སྲོག་ (4)
Part of speech མིང་ཚིག
Definition མཆིམས་མཛོད་ལས། སྲོག་ཅེས་བྱ་བ་ཅི་ཡིན་ཞེ་ན། ལུས་སེམས་ལ་བརྟེན་ནས་འཇུག་པའི་རླུང་དང་། རྣམ་ཤེས་ལ་མི་འཁྲུལ་བའི་དྲོད་དང་། རྣམ་ཤེས་རིས་མཐུན་པར་གནས་པ་དང་། སྲོག་གི་དབང་པོ་རྣམས་ལ་ཅི་རིགས་པར་སྲོག་ཅེས་བྱ་ལ་དེ་དག་གཅོད་པའི་ཕྱིར་སྲོག་གཅོད་པའོ། །དེ་ལྟར་ཡང་མདོ་ལས། གང་ཚེ་ཚེ་དང་དྲོད་རྣམ་ཤེས། །འདི་དག་གིས་ནི་ལུས་འདོར་ཞིང། །བོར་བས་དེ་ཚེ་འདུག་པ་ནི། །ཇི་ལྟར་ཤིང་ལ་སེམས་མེད་བཞིན། །ཞེས་གསུངས་སོ། །ཞེས་གསུངས།
སྲོག་ (5)
Part of speech མིང་ཚིག
Definition སྔགས། མ་ཧཱ་ཡོ་ག རྫོང་འཕྲང་སྲོག་གསུམ་གྱི་ཡ་གྱལ་དུ་གྱུར་པའི་སྲོག་སྟེ། བཀའ་བརྒྱད་རྣམ་བཤད་ལས། གསུམ་པ་སྲོག་ཅེས་བྱ་བ་ནི། ཆོས་དབྱིངས་བྱང་ཆུབ་ཀྱི་སེམས་ནི་འཁོར་འདས་ཐམས་ཅད་ལ་ཁྱབ་པའི་སྲོག་གམ་རང་བཞིན་ལྷུན་གྱིས་གནས་པའི་སྲོག་དང་གཉུག་མ་རྡོ་རྗེའི་སྲོག་ཅེས་བྱ་བ་སྟེ། དེ་ནི་ལྟ་བས་གཏན་ལ་དབབ་པར་བྱ་བ་ཡིན་ལ། དེ་ལ་དབྲོག་བྱ་དང་འཕྲོག་བྱེད་འཕྲོག་པའི་བྱ་བ་གསུམ་གང་ཡང་མི་དམིགས་མོད་ཀྱི། དེ་ཉིད་ཀྱི་དོན་ལ་གདིང་ནམ་ཐོབ་པ་ན་འཁོར་འདས་ཐམས་ཅད་ཀྱི་སྲོག་དུས་གཅིག་ལ་ཐོབ་པ་ཡིན་པས་ལྟ་བའི་གནད་འདི་ལ་གསང་བའི་སྲོག་ལྟ་བ་ཟབ་མོས་འཕྲོག་པ་ཞེས་བྱ་བ་འཁོར་འདས་སྟོང་སྲོག་འཕྲོག་པའི་ཐ་སྙད་མཛད་དོ། །ཞེས་གསུངས།
Domain ལྟ་གྲུབ།