103325

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 21:17, 14 September 2021 by Jeremi (talk | contribs) (CSV import MGD Import Part 7)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
སྲོག་གཅོད་པ་བྱས་ཀྱང་ཁ་ན་མ་ཐོ་བས་གོས་པར་མི་འགྱུར་བ་ལྔ་ (1)
Part of speech མིང་ཚིག
Definition འཕགས་པ་དམ་པའི་ཆོས་དྲན་པ་ཉེ་བར་གཞག་པ་ལས་བྱུང་བ་སྟེ། ལམ་དུ་འགྲོ་བར་ཞུགས་པ་མི་ཤེས་པས་སྲོག་ཆགས་ཕྲ་མོ་དང་། གྲོག་སྦུར་ལ་སོགས་པ་སྲོག་དང་བྲལ་བར་བྱེད་པ། གཞན་ལ་མཚོན་ཆ་གཟས་པ་ལས་བསམ་པ་དང་མི་ལྡན་པར་གཞན་ལ་ཕོག་སྟེ་དེ་སྲོག་དང་བྲལ་བ། ནད་པ་ལ་སྨན་པ་ཕན་པར་འདོད་པས་ཉེས་པར་མཐོང་སྟེ། སྨན་བྱིན་པ་ལས་དེ་ཤི་བ། དེ་བཞིན་དུ་མས་བུ་འདུལ་བར་བྱ་བའི་ཕྱིར་བརྡེག་པ་ལས་སྲོག་དང་བྲལ་བ། མེ་འབར་བའི་ནང་དུ་སྲོག་ཆགས་མི་འདོད་བཞིན་དུ་ལྷུང་བ་དང་རྒྱུ་ལྔས་སྲོག་བཅད་པར་གྱུར་ཀྱང་ཁ་ན་མ་ཐོ་བས་གོས་པར་མི་འགྱུར་རོ། །
Domain ཆོས་ལུགས།