103347
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | མདོ། མངོན་པ། ཀུན་བཏུས་ལུགས་ལ། རིས་མཐུན་པར་སྔོན་གྱི་ལས་ཀྱིས་འཕངས་པ་གནས་པའི་དུས་ངེས་པ་ལ་བཏགས་པའི་འདུ་བྱེད་དོ། །རིས་མཐུན་པ་ནི་སེམས་ཅན་གྱི་རིས་དེ་དང་དེར་སེམས་ཅན་དེ་དང་དེ་དག་གི་ལུས་འདྲ་བ་ལ་བཏགས་པའི་འདུ་བྱེད་དོ། ། |
Domain | ཆོས་ལུགས། |
{{#arraymap:སྲོག་གི་དབང་པོ་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | མཛོད་ཀྱི་ལུགས་ལ། རིས་མཐུན་པར་སྔོན་གྱི་ལས་ཀྱིས་འཕངས་པ་གནས་པའི་དུས་ངེས་པའི་རྫས་སོ་ཞེས་ཀུན་མཁྱེན་གོ་རམས་པའི་ཇི་སྙེད་ཤེས་བྱའི་སྒོ་འབྱེད་ལས་སོ། ། སྲོག་གི་དབང་པོས་ནི་རིས་མཐུན་པར་ཉིང་མཚམས་སྦྱོར་བ་དང། དེའི་རྒྱུན་གནས་པ་གཉིས་ལ་དབང་བྱེད་དོ། །སྲོག་གི་དབང་པོ་ནི་ཁམས་གསུམ་པའི་ཚེ་ཡིན་ཏེ། སྲོག་གི་དབང་པོ་གང་ཞེ་ན། ཁམས་གསུམ་པའི་ཚེ་ཡིན་ནོ་ཞེས་བཤད་པའི་ཕྱིར་རོ། །ཚེ་དེ་ཡང་ལུས་ཀྱི་དྲོད་དང་རྣམ་པར་ཤེས་པའི་རྟེན་གང་ཡིན་པ་སྟེ་དེ་ནི་མི་ལྡན་པའི་འདུ་བྱེད་རྫས་སུ་གྲུབ་པའོ། །དེ་ཡང་ཁམས་འོག་མ་གཉིས་སུ་ནི་ལུས་དང་རྣམ་ཤེས་གཉིས་ཀའི་རྟེན་ཡིན་ལ། གཟུགས་མེད་དུ་ནི་རྣམ་ཤེས་གཅིག་པུའི་རྟེན་ཡིན་གྱི་རྣམ་ཤེས་རིས་མཐུན་པ་ཙམ་ནི་སྲོག་གི་དབང་པོ་མ་ཡིན་ནོ། །དགེ་སློང་མ་ཆོས་སྦྱིན་གྱི་མདོ་ལས། ཚེ་དང་དྲོད་དང་རྣམ་ཤེས་འདིས། །གང་ཚེ་ལུས་ནི་འདོར་བྱེད་ཅིང། །བོར་ནས་དེ་ཚེ་འདུག་པ་ནི། །སེམས་མེད་ཇི་ལྟར་ཤིང་བཞིན་ནོ་ཞེས་གསུངས་སོ་ཞེས་བྱེ་བྲག་ཏུ་སྨྲ་བ་ཟེར་རོ་ཞེས་མཛོད་འགྲེལ་མངོན་པའི་རྒྱན་ལས་སོ། ། |
{{#arraymap:སྲོག་གི་དབང་པོ་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | ཁམས་གསུམ་པའི་ཚེ་སྟེ། ལུས་དང་སེམས་ལ་བརྟེན་ནས་འཇུག་པའི་རླུང་མི་འཁྲུལ་བའི་དྲོད་དང་རྣམ་ཤེས་རིས་མཐུན་པར་གནས་པའོ། །མཛོད་ལས། སྲོག་ནི་ཚེ་ཡིན་དྲོད་དང་ནི། །རྣམ་ཤེས་རྟེན་གང་ཡིན་པའོ། །ཞེས་པ་ལྟར། ཁམས་གསུམ་པའི་ལས་ཀྱིས་རིས་མཐུན་པ་གནས་པའི་དུས་ཀྱིས་འཕེན་པ་ཡིན་ཏེ། དུས་འདི་སྲིད་ཅིག་ཏུ་གནས་པར་བྱའོ་ཞེས་ཇི་སྲིད་དུ་ལས་ཀྱི་རིས་མཐུན་པ་འཕངས་པ་དེ་སྲིད་དུ་དེ་གནས་པ་དེ་ལ་ཚེ་ཞེས་བྱ་སྟེ། འབྲུ་རྣམས་ཀྱི་སྨིན་པའི་དུས་ཀྱིས་འཕེན་པ་ལྟ་བུ་དང་། མདའ་འཕངས་པ་དག་གི་གནས་པའི་དུས་ཀྱིས་འཕེན་པ་བཞིན་ནོ། །དེ་ཡང་དྲོད་དང་རྣམ་པར་ཤེས་པའི་རྟེན་དུ་གྱུར་པའོ། །རིས་མཐུན་པར་མཚམས་སྦྱོར་བ་དང་དེའི་རྒྱུན་གནས་པ་གཉིས་ལ་དབང་བྱེད་པའི་ཕྱིར་ན་དབང་པོའོ། ། ཚེ་དེའི་རྟེན་ནི་དྲོད་དང་རྣམ་པར་ཤེས་པ་དེ་དག་ཉིད་ཡིན་ནོ། །ཞེས་བྱེ་བྲག་ཏུ་སྨྲ་བ་ཟེར་རོ། ། མདོ་སྡེ་པས། དེ་ལྟར་དེ་དག་ཕན་ཚུན་ལྟོས་ནས་གྲུབ་པའི་ཕྱིར་གཉིས་ཀ་མ་གྲུབ་པའམ། གལ་ཏེ་གྲུབ་ནའང་སྲོག་ལྡོག་པར་མི་འགྱུར་ཏེ། རྒྱུ་རྣམ་ཤེས་མ་ཚང་བ་མི་སྲིད་པའི་ཕྱིར་རོ། །དེས་ན་ལུས་དང་རྣམ་ཤེས་ལས་ཐ་དད་པའི་སྲོག་གི་དབང་པོ་དོན་མེད་དེ། ལས་ཀྱི་སྟོབས་ཀྱིས་ལུས་དང་རྣམ་ཤེས་དུས་ངེས་པར་འཕངས་པའི་ཕྱིར་རོ། །དེའི་ཕྱིར་ཡིད་ཀྱི་རྣམ་ཤེས་ས་བོན་དང་བཅས་པ་རིས་མཐུན་པར་གནས་པ་ལ་སྲོག་གི་དབང་པོར་གདམས་སོ་ཞེས་འདོད་དོ། ། རྣལ་འབྱོར་སྤྱོད་པ་དག་གིས། ཕྱོགས་སྔར་སྨོས་པའི་ཀླན་ཀ་ཡོད་པའི་ཕྱིར་ལས་ཀྱི་སྟོབས་ཀྱིས་ཀུན་གཞི་རྣམ་ཤེས་རིས་མཐུན་པར་གནས་པ་ལ་སྲོག་གི་དབང་པོར་གདམས་སོ་ཞེས་འདོད་པ་ནི་ཆེས་ལེགས་པ་ཡིན་ནོ། ། སེམས་ཅན་རིས་མཐུན་པར་སྔོན་ལས་ཀྱི་དབང་གིས་ཅི་ཙམ་གནས་པའི་དུས་ངེས་པའི་ཚེ་ཞེས་བརྗོད་པ་སྟེ་དྲོད་དང་རྣམ་ཤེས་ཀྱི་རྟེན་དུ་གྱུར་པ་གང་ཡིན་པ་དེའོ། ། ཁ་ཅིག་གིས། སྔོན་གྱི་ལས་ཀྱི་འབྲས་བུ་ནི་ཚེ་ཡིན་ལ། ད་ལྟར་གྱི་ལས་ཀྱི་འབྲས་བུ་ནི་སྲོག་ཡིན་ཏེ། རིམ་པ་ལྟར་ལས་ཀྱི་མཐུས་རིས་མཐུན་པར་གནས་པ་དང་། དུས་གཞན་གྱི་བར་དུ་འཚོའོ་ཞེས་ཟེར་རོ། ། གཞན་ཡང་། གདགས་པ་ལས། ཚེ་ཟད་པས་འཆི་བ་དང་། བསོད་ནམས་ཟད་པས་འཆི་བ་ལ་མུ་བཞི་གསུངས་ཏེ། དང་པོ་ནི་ཚེའི་རྣམ་སྨིན་ཅན་གྱི་ལས་ཟད་པ་དང་། གཉིས་པ་ནི་ལོངས་སྤྱོད་འཐོབ་པའི་ལས་ཟད་པ་དང་། གསུམ་པ་ནི་གཉི་ག་ཟད་པ་དང་། བཞི་པ་ནི་དེ་དག་ཡོད་ཀྱང་ཡ་ང་བ་མ་སྤངས་པར་དེའི་རྐྱེན་གྱིས་ཚེའི་དུས་བྱེད་པ་སྟེ་མདོ་ལས་དུ་མ་ཡིན་པར་འཆི་བ་དགུ་ལ་སོགས་པ་གསུངས་པ་ལྟ་བུའོ། ། |
{{#arraymap:སྲོག་གི་དབང་པོ་
|; |@@@ | | }}