103349

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 21:17, 14 September 2021 by Jeremi (talk | contribs) (CSV import MGD Import Part 7)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
སྲོག་གི་འཕྲོག་ལུགས་བཞི་ (1)
Part of speech མིང་ཚིག
Definition སྔགས། མ་ཧཱ་ཡོ་ག རྙིང་མ། བཀའ་བརྒྱད་རྣམ་བཤད་ལས། དེ་ཡང་རྫོང་འཕྲང་ལས་འདི་ལྟར་གསུངས་ཏེ་སྲོག་གི་འཕྲོག་ལུགས་བཞི་ནི། བདག་གི་སྲོག་ཕྲོག་ཏེ་ཕུང་པོ་ལྷག་མ་མེད་པའི་ས་ལ་བཏང༌། ཡེ་ཤེས་ལྷའི་སྲོག་ཕྲོག་ནས་སེམས་རྣམ་གྲོལ་སངས་རྒྱས་ཀྱི་ས་ལ་བཏང༌། དམ་ཅན་སྲུང་མའི་སྲོག་ཕྲོག་ཏེ་འཇིག་རྟེན་གྱི་མི་མ་ཡིན་མཐོང་འཁོལ་མངོན་སུམ་དུ་བྱ། དམ་ཉམས་དགྲ་འདྲེའི་སྲོག་ཕྲོག་པས་ཕྱི་བསྟན་པ་ལ་འཚེ་བ་ནང་བར་ཆད་ཀྱི་དམ་སྲི་རྣམས་བསྒྲལ་བའོ། །ཞེས་གསུངས། གོང་གི་རྫོང་འཕྲང་ནི་བཀའ་བརྒྱད་རྫོང་འཕྲང་ངོ་། །
Domain ཆོས་ལུགས།