103427
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རྒྱུ་སྐར་ཉེར་བརྒྱད་ལས་བརྩི་བྱ་སོ་སོར་བྱེ་བྲག་ཏུ་བཟང་བའི་སྐར་མ་སྟེ། དེ་ནི་བརྩི་བྱ་སོ་སོའི་རང་ལོ་གང་ཡིན་ལ་བརྟེན་པ་ཡིན་པས། རང་ལོ་བྱི་བ་ཡིན་པའི་བརྩི་བྱའི་སྲོག་སྐར་ལག་དང་། གླང་ཡིན་པའི་བརྩི་བྱའི་སྲོག་སྐར་ནག་པ། སྟག་ཡོས་ཁྱི་གསུམ་ཡིན་པའི་བརྩི་བྱའི་སྲོག་སྐར་ནམ་གྲུ། རྟ་སྦྲུལ་ཡིན་པའི་བརྩི་བྱའི་སྲོག་སྐར་དབོ། སྤྲེལ་ལུག་ཡིན་པའི་བརྩི་བྱའི་སྲོག་སྐར་ཐ་སྐར། བྱ་ཡིན་པའི་བརྩི་བྱའི་སྲོག་སྐར་ནབས་སོ། ཕག་ཡིན་པའི་བརྩི་བྱའི་སྲོག་སྐར་རྒྱལ་བཅས་ཡིན་ཞིང་། དེ་ལྟའི་སྲོག་སྐར་དག་རེས་གཟའ་དང་འགྲོགས་པའི་ཟླ་སྐར་ཡིན་དུས་བརྩི་བྱ་དེ་ཉིད་ཀྱིས་བྱ་ལས་གང་བྱས་ཀྱང་བཟང་བར་བཤད། |
| Domain | རྩིས་རིག |