103460

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 21:19, 14 September 2021 by Jeremi (talk | contribs) (CSV import MGD Import Part 7)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
སྲོལ་གོང་དམར་བོ་ (1)
Part of speech མིང་ཚིག
Definition ལོ་རེ་བཞིན་སྐྱེ་བའི་སྔོ་སྨན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། རྩ་བ་དཀར་ལ་རྐང་གཅིག་རྟིང་པ་ཅུང་ཟད་རིང་བ་དང༌། གཞི་རྩ་ནས་སྐྱེ་བའི་ལོ་མ་སྦོམ་ཞིང་རིམ་པས་ཕྲ་ལ་རྩེ་རྣོ་བ། ལོ་མ་རྣམས་ཀྱི་རྩེ་སྔོ་ལ་རིམ་བཞིན་དམར་སྨུག་ཅན་ཡིན་པ་ས་ངོས་སུ་འཁོར་ལོ་ལྟར་བགྲད་ནས་སྐྱེ་བའམ་འོད་ཟེར་འཕྲོ་བ་ལྟར་ཕྱོགས་ཚང་མར་བགྲད་ནས་སྐྱེ་བའི་དབུས་སུ་སྡོང་རྐང་མེད་པ་ཁ་མཚམས་སྙོམས་པའི་མེ་ཏོག་སྔོ་དམར་མང་པོ་ཚོམ་བུར་འཆར་བ་སྟེ་སྦུབས་སྟོང་ཅན་སྲོལ་གོང་གསུམ་ཀ་མཚུངས་པ་སྟེ། བོད་ཀྱི་ས་གནས་མང་ཆེ་བའི་རི་མཐོའི་རླན་གཤེར་ཆེ་བའི་ན་གཤོངས་སུ་སྐྱེ་བ། རྩ་སྡོང་མེ་ཏོག་ལྷན་ཅིག་བོད་ཟླ་དྲུག་པའི་ནང་བཏུས་ཏེ་གཙང་མ་བཀྲུས་རྗེས་བསིལ་སར་བསྐམས་ནས་སྨན་དུ་སྤྱོད་རྒྱུ། རོ་ཁ་བ། ཞུ་རྗེས་ཁ་བ། ནུས་པ་བསིལ་བས་བྱང་ཁོག་དང་ཡན་ལག་གི་རྣག་ཁྲག་སྐེམ་པ་དང༌། མགོ་ཆག་གསོ་ཞིང་དུག་ཚད་སེལ་བ། དེ་མིན་ཁྲག་རླུང་སྟོད་འཚངས་དང་རོ་སྟོད་ཀྱི་གཟེར་སོགས་ལ་ཕན་པ་ཡིན།