103716

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 21:24, 14 September 2021 by Jeremi (talk | contribs) (CSV import MGD Import Part 7)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
སློབ་མ་ལ་སྤྲིང་བའི་འགྲེལ་པ་ (1)
Part of speech མིང་ཚིག
Definition སློབ་དཔོན་མཁས་པ་ཆེན་པོ་ཤེས་རབ་འབྱུང་གནས་བློ་གྲོས་ཀྱིས་མཛད་པའི་སློབ་མ་ལ་སྤྲིང་བའི་འགྲེལ་པ། རྒྱ་གར་གྱི་མཁན་པོ་བི་ནཱ་ཡ་ཙནྡྲ་དང༌། བོད་ཀྱི་ལོ་ཙཱ་བ་དགེ་སློང་ཆོས་ཀྱི་ཤེས་རབ་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ། ཆོས་ཚན་འདིའི་འཕྲོར་བུ་སྟོན་དཀར་ཆག་ཏུ་རྒྱ་གར་ནུབ་ཕྱོགས་ཀྱི་པཎྜི་ཏ་ཆེན་པོ་ཛྙཱ་ན་བྷ་དྲས་ལོ་ཙཱ་བ་ཆེན་པོ་བུ་སྟོན་གྱི་ཕྱག་ཏུ་འཕྲིན་ཡིག་ཏུ་བསྐུར་བ། ལོ་ཙཱ་བ་རིན་ཆེན་རྣམ་རྒྱལ་གྱི་འགྱུར་ཞེས་འཁོད་ཀྱང་དེ་བསྟན་འགྱུར་ཁྲོད་དུ་མི་བཞུགས་ལ་སྡེ་དཀར་དུ་མ་བྱུངཞེས་མཚན་འཁོད། བསྟན་འགྱུར་སྤྲིང་ཡིག་ང་པར་བཞུགས།