103726

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 21:24, 14 September 2021 by Jeremi (talk | contribs) (CSV import MGD Import Part 7)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
སློབ་མའི་མཚན་ཉིད་ (1)
Part of speech མིང་ཚིག
Definition སྔགས། རྣལ་འབྱོར་བླ་མེད་རྒྱུད། དུས་འཁོར་སྦྱོར་དྲུག ཇོ་ནང་། འདུ་འཛི་དང་རྫས་ལ་སྲེད་པ་དང་བྲལ་བས་གཏོང་བའི་ངང་ཚུལ་དང་ལྡན་པ། དཀོན་མཆོག་གསུམ་གྱི་ཡོན་ཏན་ཤེས་པའི་དད་པ་དང་ལྡན་པ། གདུག་པའི་གྲོགས་སྤང་ཤིང་དེའི་རྒྱུ་ལས་མི་དགེ་བ་བཅུ་བསྡམས་པ་སྟེ། ཡོན་ཏན་གསུམ་པོ་དེ་རྣམས་ཁོ་ན་ལྡན་པ་ནི་སློབ་མར་འོས་པ་ཐ་མའི་མཚན་ཉིད་དེ། རེ་ཞིག་རྒྱུད་སྦྱང་བའི་ཆེད་དུ་དགེ་བསྙེན་གྱི་སྡོམ་པ་སོགས་སྦྱིན་པས་རྗེས་སུ་བཟུང་བར་བྱའོ། །དེའི་སྟེང་དུ་རྩ་ལྟུང་སོགས་བསྲུང་ནུས་པས་བླ་མའི་ངེས་པ་ལ་དགའ་བ། རྒྱུད་ལ་གུས་པས་ཡིད་ཆེས་རྙེད་ནས་ཉམས་སུ་བླངས་བའི་རྣལ་འབྱོར་དང་། སྤང་བླང་ལ་བརྩོན་པ་གཞན་ངོར་འཕྱ་བག་སོགས་ལ་དགའ་བ་མེད་པས་སྔགས་ཀྱི་གསང་བ་དེ་ཁོ་ན་ཉིད་ཐོབ་པ་རྣམས་ཤིན་ཏུ་སྦེད་ཅིང་གསང་ཐུབ་པའི་ཡོན་ཏན་གསུམ་སྟེ་ཡོན་ཏན་དྲུག་ལྡན་ཙམ་ནི་སློབ་མར་འོས་པ་འབྲིང་གི་མཚན་ཉིད་དེ། དེ་ནི་དབང་བདུན་གྱི་བསྡུ་བར་བྱ་བ་ཡིན་ནོ། །དེ་ལྟར་དྲུག་གི་སྟེང་དུ་ངེས་དོན་མཐར་ཐུག་ཟབ་ཅིང་རྒྱ་ཆེ་བ་ཟུང་འཇུག་གི་ལམ་ལ་ཤིན་ཏུ་འདུན་པས་སེམས་པ་དང་། ཚེ་འདིའི་རྙེད་བཀུར་གྲགས་པ་ནས་འཇིག་རྟེན་པའི་དངོས་གྲུབ་ཀྱི་བར་གང་ལའང་མ་ཞེན་པར་ཐར་བ་ཁོ་ན་དོན་དུ་གཉེར་བ་དང་། ལས་ཕྲན་ཚེགས་ཀྱིས་སེམས་མི་འཕྲོག་པས་གཡོ་བ་མིན་པའི་སེམས་དང་ལྡན་པ་སྟེ། ཡོན་ཏན་དགུ་རྫོགས་པ་ནི། མཆོག་གི་དངོས་གྲུབ་ཀྱི་རྒྱུར་དབང་གོང་མས་རྗེས་སུ་བཟུང་བར་བྱའོ། །
Domain ཆོས་ལུགས།