103732

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 21:24, 14 September 2021 by Jeremi (talk | contribs) (CSV import MGD Import Part 7)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
སློབ་མི་སློབ་ཀྱི་ཐོབ་པའི་ཁྱད་པར་ (1)
Part of speech མིང་ཚིག
Definition མདོ། མངོན་པ། བྱེ་བྲག་སྨྲ་བའི་ལུགས་ཀྱི་མི་ལྡན་འདུ་བྱེད་ཐོབ་པའི་ཁྱད་པར་དྲུག་གི་ནང་གསེས་ཤིག་ཏེ། སློབ་པའི་ཆོས་རྣམས་ཀྱི་ཐོབ་པ་ནི་སློབ་པ་ཁོ་ན་ཡིན་ནོ། །མི་སློབ་པའི་རྣམས་ཀྱི་ནི་མི་སློབ་ཁོ་ན་ཡིན་ནོ། །སློབ་པ་ཡང་མ་ཡིན་མི་སློབ་པ་ཡང་མ་ཡིན་པ་རྣམས་ཀྱི་ཐོབ་པ་ནིབྱེ་བྲག་ཡོད་པས་དེ་བསྟན་པར་བྱ་སྟེ། སློབ་པ་ཡང་མ་ཡིན་མི་སློབ་པ་ཡང་མ་ཡིན་པའི་ཆོས་ཞེས་བྱ་བ་ནི་ཟག་བཅས་ཀྱི་ཆོས་རྣམས་དང་། འདུས་མ་བྱས་སོ། །དེ་དག་གི་ཐོབ་པ་ནི་སློབ་པ་ལ་སོགས་པའི་བྱེ་བྲག་གིས་རྣམ་པ་གསུམ་སྟེ། རེ་ཞིག་ཟག་པ་དང་བཅས་པ་རྣམས་དང་། སོ་སོར་བརྟགས་པ་མ་ཡིན་པས་འགོག་པ་དང་། འཕགས་པ་མ་ཡིན་པས་ཐོབ་པ་སོ་སོར་བརྟགས་པས་འགོག་པའི་ཐོབ་པ་ནི་སློབ་པ་ཡང་མ་ཡིན་མི་སློབ་པ་ཡང་མ་ཡིན་ནོ། །དེ་ཉིད་སློབ་པའི་ལམ་གྱིས་ཐོབ་པའི་ནི་སློབ་པའོ། །མི་སློབ་པའི་ལམ་གྱིས་ཐོབ་པའི་ནི་མི་སློབ་པའོ། །
Domain ཆོས་ལུགས།