104194

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 21:30, 14 September 2021 by Jeremi (talk | contribs) (CSV import MGD Import Part 7)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཧོར་པོ་ཤཱཀྱ་རྒྱལ་མཚན་ (1)
Part of speech མིང་ཚིག
Definition ཁོང་གིས་མདོ་ཁམས་ནས་མདོ་སྔགས་ཀྱི་གསན་སྦྱོང་ཡོངས་སུ་རྫོགས་ནའང་ཐུགས་མ་ཚིམ་པར་སྙན་བརྒྱུད་ཀྱི་གདམས་པ་འཚོལ་བའི་ཆེད་རྟོགས་ལྡན་དཀོན་མཆོག་རྡོ་རྗེའི་མདུན་རོང་ཡུལ་དུ་བྱོན། རྫོགས་པ་ཆེན་པོ་དགོངས་པ་ཟངས་ཐལ་སྨིན་གྲོལ་རྫོགས་པར་གསན་ནས་ཀཿཐོག་ཏུ་ཕེབས་སྒྲུབ་པ་ཉམས་ལེན་ཁོ་ན་ལ་བཞུགས། རྫོགས་པ་ཆེན་པོ་སྣང་བཞིའི་ཡེ་ཤེས་མངོན་དུ་བརྙེས། རྨུགས་སངས་ཀྱི་དབེན་གནས་ལྷ་སྟེང་དུ་བཞུགས་ནས་འཆད་ཉན་དང་སྒོམ་སྒྲུབ་ཟུང་འབྲེལ་མཛད། གནས་དེར་རྫོགས་པ་ཆེན་པོ་དགོངས་པ་ཟངས་ཐལ་གྱི་ཁྲིད་ཡིག་གསར་དུ་མཛད་ནས་བསྟན་པལ་བྱ་བ་རྒྱ་ཆེར་གནང༌། སླར་ཀཿཐོག་ཏུ་བྱོན། བྱང་ཆུབ་སེངྒེ་སོགས་ལ་སྙན་བརྒྱུད་ཀྱི་གདམས་ངག་ཡོངས་རྫོགས་གསུངས་ནས་ཆོས་བརྒྱུད་མི་ཉམས་པར་མཛད། སྐུ་ཚེའི་སྨད་ལ་ཀཿཐོག་གནས་ཀྱི་བྱང་ཤར་གསུང་གནས་གཟུང་ཕུག་གཡུ་ལོ་བཀོད་ཀྱི་སྒྲུབ་ཕུག་རང་བྱུང་ལྷུན་གྱིས་གྲུབ་པའི་ཕོ་བྲང་དུ་སྐུ་ཚེ་མཐར་མ་ཕྱིན་བར་བཞུགས། སྐལ་ལྡན་གྱི་སློབ་མ་རྣམས་ལ་རྫོགས་པ་ཆེན་པོ་ཟངས་ཐལ་གྱི་གདམས་ཁྲིད་གནང་ནས་གནས་དེར་བཞུགས་པས་སྒྲུབ་ཁང་གི་ཤུལ་མང་པོ་མཇལ་དུ་ཡོད། མཐར་འཕོ་ཆེན་དྭངས་མའི་སྐུར་བཞེངས་ནས་ད་ལྟའང་མངོན་སུམ་དུ་བཞུགས་པར་གྲགས། ཕྱིས་གཏེར་སྟོན་དྲི་མེད་འོད་གསལ་གླིང་པ་དང་འཇམ་མགོན་རྡོ་རྗེ་འཆང་ཆོས་ཀྱི་བློ་གྲོས་སོགས་ཀྱི་གནས་དེར་ཞལ་དངོས་སུ་མཇལ་བའི་ལོ་རྒྱུས་དང་བཅས་པའོ། །