104218

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 21:31, 14 September 2021 by Jeremi (talk | contribs) (CSV import MGD Import Part 7)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཧོས་རུ་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། བོན། ཧོས་རུ་ནི། རྗེས་སྲུང་ལྔ་ཡི་ནང་ཚན་དུ་གྱུར་པའི་རྫས་ཀྱི་རྗེས་སྲུང་ཞིག་ཡིན་ལ། དེ་ཡང་གཡུང་དྲུང་བོན་གྱི་ཕྱག་ཆ་སྟེ་མཁའ་གསིལ་དང་དོན་གཅིག་ཅིང་འདི་བཟོ་བྱེད་ཀྱི་རྒྱུ་ཆ་དང་དབྱིབས་ནི། འདུལ་བ་ཡོངས་རྫོགས་སྡོམ་བྱེད་རྒྱུད་ལས། ཧོས་རུ་གསིལ་བ་སྒྲ་སྙན། ཅེས་པ། གཞི་མ་ཀླུང་ཤིང་ལྡོན་པའི་ལྕུགས། །རང་ལུས་ཨེལ་ཁུང་མཉམ་པ་ལ། ལྕགས་དཀར་རྟིངས་ཞབས་མཐོ་གང་ཚད། ཟླུམ་པ་དྲང་བ་འཁྲང་དང་བཅས། ལྕགས་དཀར་རྩེ་མདུད་མཐོ་གཉིས་ལ། མཐོ་གང་ཡི་ཐུང་ཧོས་རུ་བཅའ། ཟངས་དཀར་ཞུན་མའི་མཆོད་རྟེན་ནི། བཀའ་ལྷ་ལ་བབས་པའི་མཆོད་རྟེན་བཞེངས། རྩེ་སོར་དྲུག་ལ་ཏོག་སྤགས་པ། ཚད་ལྡན་རྩེ་འོག་ཤིན་ཏུ་སྙོམས། རྨིང་དང་གདན་ཁྲི་ཡི་བར་ནས་བགྲངས། གཞི་མ་པདྨའི་བཞི་འབྱུང་བ། ལྕུགས་མ་བརྒྱད་ཀྱི་རྩེ་སྤྲད་བསྲུབས། རྩེ་མོ་འཁོར་ལོ་བཞི་པའི་ཚུལ། ཡང་མིག་བཞི་བཞི་བཅུ་དྲུག་རྒྱུ། རྩེ་མོ་ཏོག་ཚུལ་ཆོ་འཕྲུལ་བསྟན་པའི། མཆོད་རྟེན་སོར་བཞི་ཚད་དང་ལྡན། རྨིང་ཞབས་སྐྱེད་ཚེ་ཐ་དད་ཚད། མ་འཁྲུལ་དོན་དང་ལྡན་པར་བྱ། དེ་ཡང་། མཆོད་རྟེན་དང་པོ་བོན་སྐུའི་དཔེ། འོག་མ་ལོངས་སྤྱོད་རྫོགས་སྐུའི་དཔེ། པདྨ་བཞི་བྱུང་གཙོ་བཞིའི་གདན། འཁོར་ལོ་བཞི་ཡི་འཕྲིན་ལས་འགྱེད། ཡང་མིག་བཅུ་དྲུག་སྤྲུལ་པ་འགྱེད། ན་རག་ལ་ལྔ། ཡི་དྭགས་ལ་བཞི། བྱོལ་སོང་གསུམ། མི་ལ་གཉིས། ལྷ་མིན་ཕྱེད་དང་གཉིས། ལྷ་ལ་ཕྱེད་དུ་འབྱུང་བའོ། །ཞེས་གསུངས་སོ། །
Domain ཆོས་ལུགས།