106600

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 23:10, 14 September 2021 by Jeremi (talk | contribs) (CSV import MGD Import Part 7)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཨུག་ཆོས་སེར་པོ་ (1)
Part of speech མིང་ཚིག
Definition ལོ་རེ་བཞིན་སྐྱེ་བའི་སྔོ་སྨན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། རྩ་བ་དཀར་པོ་ཕྱི་པགས་རྫ་མདོག་སྙུང་རིལ་འདྲ་བ་དང་། སྡོང་པོ་ལྗང་ལ་སྨུག་མདངས་མཆིས་པ་སྐྱེ་གནས་དབང་གིས་རིང་ཐུང་སྣ་ཚོགས་ཡོད་ཅིང་སྦོམ་ཕྲ་མདའ་སྨྱུག་ཙམ་པའི་སྟོད་ཆ་ནས་ཡལ་ག་རེ་གཉིས་གྱེས་པའང་ཡོད། ལོ་མ་སྔོ་ལྗང་འཇམ་ལ་སྣུམ་པ་ལབ་ལོའི་དབྱིབས་ལ་ཆེ་ཆུང་སོགས་ཀྱང་ལབ་ལོ་དང་མཚུངས་པར་དྲི་ངན་མནམ་པ་དང་། མེ་ཏོག་སེར་པོ་དབྱིབས་དང་ཆེ་ཆུང་ཨུག་ཆོས་དམར་པོའི་མེ་ཏོག་ཇི་བཞིན་ལོ་མའི་མཚམས་ནས་འཆར་ཞིང་། འབྲས་བུ་སྟེ་གང་བུ་གནའ་བའི་རྭ་འདྲ་བའི་ནང་འབྲུ་གུ་ནག་པོ་ཏིལ་འབྲུ་འདྲ་བ་མང་པོ་ཡོད། བོད་ཀྱི་སྣང་རྫོང་ལ་ཐོག་དང་། ལྷ་སའི་མཁའ་མཐོང་རི་ལྡེབས་སོགས་སྐམ་ཤས་ཆེ་བའི་སར་སྐྱེ་བ་མང་། མེ་ཏོག་བོད་ཟླ་ལྔ་པའི་ནང་དུ་བཏུས་ཏེ་མ་རུལ་བར་བསིལ་སར་བསྐམས་ནས་སྨན་དུ་སྤྱོད་རྒྱུ་དང་། འབྲས་བུ་བོད་ཟླ་བདུན་པ་ཙམ་ལ་བཏུས་ཏེ་གཙང་མ་བཟོས་རྗེས་བསྐམས་ནས་སྨན་དུ་སྤྱོད་རྒྱུ། རོ་ཁ་བ། ཞུ་རྗེས་ཁ། ནུས་པ་བསིལ་ལ་རྟུལ་བས་བུད་མེད་ཀྱི་མངལ་ཁྲག་འཁྱིལ་བ་འཇོམས་པར་བྱེད་པ་ཡིན།
Domain གསོ་རིག

{{#arraymap:ཨུག་ཆོས་སེར་པོ་

|; |@@@ | | }}