From Rangjung Yeshe Wiki - Dharma Dictionary
< Dictionaries | Monlam Grand(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
ཨེ་མ་ཧོ་ (1)
| Part of speech
|
འབོད་ཚིག
|
| Definition
|
ལེགས་སྦྱར་གྱི་སྐད་དེ། བོད་སྐད་དུ་བསྒྱུར་ན་ངོ་མཚར་ཆེ་ཞེས་པའི་དོན།
|
| Example
|
ཨེ་མ་ཧོ། དགའ་བ་ལ། སྐྱིད་པ་ལ་ལྟ་བུ།
|
| Foreign
|
རྒྱ་གར།
|
ཨེ་མ་ཧོ་ (2)
| Part of speech
|
འབོད་ཚིག
|
| Definition
|
མདོ། འདུལ་བ། བོན། ཨེ་ནི་ཐབས་ཤེས་གཉིས་སུ་ཕྱེས་པའི་ཤེས་རབ་ཁྱད་པར་ཅན་ཏེ། ལེགས་ཉེས་སོ་སོ་ནས་རྣམ་པར་འབྱེད་པའི་ཤེས་རབ་དང་བདེར་གཤེགས་ཐམས་ཅད་ཀྱི་ཡུམ་སྤྱི་ཡི་བཟང་ཟ་མཚོན་པའོ། །མ་ནི་ཐབས་ཁྱད་པར་ཅན་འགྲོ་ཀུན་སྡུག་བསྔལ་ལས་སྐྱོབ་པར་བྱེད་པའི་སྙིང་རྗེ་ཚད་མེད་ལ་སོགས་ཚད་མེད་བཞི་དང་ལྡན་པའི་ཐབས་དང་ཡབ་རྒྱལ་བོན་ཐོད་དཀར་(འཕྲུལ་གཤེན་སྣང་ལྡན)་མཚོན་པའོ། །ཧོ་ནི་ཐབས་ཤེས་གཉིས་སུ་མེད་པའི་དོན་ལ་དགོངས་པ་གཅིག་ཏུ་སྙོམས་པ་འཇུག་པའི་དོན་མཚོན་པ་དང་ཡབ་ཡུམ་གཉིས་སུ་མེད་པའི་་ཐིག་ལེ་དཀར་དམར་གཉིས་གཅིག་ཏུ་འདྲེས་པ་ལས་སྲས་འཆི་མེད་གཙུག་ཕུད་སྤྲུལ་པ་ཡིན་ཏེ། ཀུན་འབྱུང་དབྱིངས་དག་ལས། ཨེ་མ་ཧོ། ཞེས་གཉིས་མེད་བྱོན། ཨེ་ནི་ཤེས་རབ་ཡུམ་གྱི་མཆོག བཟང་ཟ་རིགས་བཙུན་ལྷ་མོ་མཆོག མ་ནི་ཐབས་ཀྱི་མཚོན་པར་བྱེད། ཧོ་ནི་གཉིས་མེད་གཅིག་ཏུ་དགོངས་པའི་བོན། ཡབ་རྒྱལ་བོན་ཐོད་དཀར་རོ། གཉིས་མེད་ཡབ་ཡུམ་གཉིས་ནི། གཉིས་པ་རྟོགས་པ་སྙོམས་འཇུག་པ། ཡབ་ཀྱི་ཡེ་ཤེས་གདུང་ཁུ་དང་། ཡུམ་གྱི་ཤེས་རབ་དམར་དང་གཉིས་འདྲེས་པ། སྲས་འཆི་མེད་གཙུག་ཕུད་སྤྲུལ་པའི་སྐུ། འཇིག་རྟེན་ཞིང་དུ་འགྲོ་བ་འདུལ་དུ་བྱོན། ཞེས་གསུང་པ་ལྟར། ངེས་དོན་དུ་ཐབས་དང་ཤེས་རབ་ལ་སོགས་ཐབས་ཤེས་གཉིས་སུ་མེད་པའི་དོན་མཚོན་པ་དང་། དྲང་དོན་དུ་ཡབ་རྒྱལ་བོན་(འཕྲུལ་གཤེན་སྣང་ལྡན)་དང་ཡུམ་བཟང་ཟ་གཉིས་ལས་སྲས་འཆི་མེད་གཙུག་ཕུད་སྤྲུལ་ནས་འཇིག་རྟེན་ཞིང་དུ་འགྲོ་དོན་དུ་བྱོན་པའི་དོན་མཚོན་པའོ། །
|
| Domain
|
ཆོས་ལུགས།
|
ཨེ་མ་ཧོ་ (3)
| Part of speech
|
འབོད་ཚིག
|
| Definition
|
ཞང་སྐད། བོད་སྐད་དུ། ཤིན་ཏུ་ངོ་མཚར་ཆེ་བའམ་རྨད་དུ་བྱུང་བའི་དོན་ལ་འཇུག་པ་སྟེ། དཔེ་ན། ཚོགས་ཀྱི་དངོས་གྲུབ་ནི། ངོ་མཚར་ཆེ་བའམ་རྨད་དུ་བྱུང་བ་མཚོན་པའི་ཚིག་བཤད་ལ། ཨེ་མ་ཧོ། འདི་ནི་དངོས་གྲུབ་ཆེན་པོ་སྟེ། འདི་ལ་གསོ་ཞིང་གང་རོལ་པ། མཆོག་དང་ཐུན་མོངས་དངོས་གྲུབ་འབྱུང་། ཐེ་ཚོམ་མེད་པར་བླང་པར་བྱ་ཞེས་པའི་ཚིག་གི་ཐོག་མར་ཨེ་མ་ཧོ་ཞེས་སྨྲོས་པས་ངོ་མཚར་ཆེ་བའི་དོན་མཚོན་པ་ལྟ་བུའོ། །
|