106888

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 22:15, 14 September 2021 by Jeremi (talk | contribs) (CSV import MGD Import Part 7)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཨེ་རཎྜ་ (1)
Part of speech མིང་ཚིག
Definition དན་རོག་ཅེས་པའི་སྐྱེ་དངོས་ཤིག་སྟེ། ལོ་རེ་བཞིན་སྐྱེ་བའི་ལྡུམ་བུ་ཐང་སྨན་རིགས་ཀྱི་སྐྱེ་དངོས་ཤིག་ཡིན། སྡོང་པོ་སྔོ་ལྗང་ཅུང་སྦོམ་ལ་ཧྲིལ་ཞིང་རིང་བ་རེ་འགའ་དམར་སྨུག་བྱས་པའང་ཡོད། ཡལ་ག་མང་ལ་སྡོང་པོ་དང་ཡལ་ག་གཉིས་ཀ་ཁོག་སྟོང་ཡིན་པ་དང༌། ཕྱེ་མ་དཀར་པོས་ཁྱབ་ཅིང་བར་མཚམས་སུ་ཚིགས་པ་ཡོད་ལ་ཚིགས་མཚམས་སུ་ཚེར་མ་ལྡན་པ། ལོ་མ་ལྗང་ལ་མཐུག་ཅིང་རྩུབ་ལ་ཆེ་བར་ཉག་ག་སྦར་དབྱིབས་འདྲ་བ་ལྔ་རེ་ཡོད་པའི་རྩེ་རྣོ་ལ་མཐར་ཉག་ཆུང་སོག་ལེའི་སོ་འདྲ་བ་ཡོད། ལོ་རྒྱབ་ཅུང་ཟད་སྐྱ་ལ་ངར་པ་རིང་བ་སྡོང་པོ་དང་ཡལ་གའི་ཚིགས་མཚམས་ནས་རེ་མོས་སྐྱེ་བ་དང༌། མེ་ཏོག་དཀར་པོའམ་སེར་པོ་འདབ་མ་མང་བ་བརྩེགས་ལྡན་བང་རིམ་ཡལ་སྡོང་གི་མཚམས་ནས་འཆར་ཞིང༌། གང་བུ་སྐྱི་ལྤགས་རྒྱུ་སྒོར་ནར་སུམ་སྒྲོམ་ནང་འབྲུ་གུ་ནག་ཅིང་འཇམ་པ་ཡོད་པ། རྒྱ་གར་དང༌། རྒྱ་ནག་ལྷོ་ཕྱོགས་ཀྱི་ས་གནས་ཁག་དང༌། བོད་ཀྱི་སྤོ་ཡུལ་དང༌། རྫ་ཡུལ། མེ་ཏོག་རྫོང་སོགས་ཀྱི་ལུང་ཤུར་དང༌། ཐང་རྒོད། ཤིང་ནགས་གསེབ་བཅས་སུ་སྐྱེ་བ་མང་ཞིང༌། འབྲས་བུ་བོད་ཟླ་བདུན་པའི་ནང་བཏུས་རྗེས་སྐམ་གསེད་ལེགས་པར་བྱས་རྗེས་འབྲུ་གུའི་ཕྱི་སྐོགས་ཚེར་ཅན་དོར་ནས་བེད་སྤྱོད་གཏོང་སྐབས་རྩམ་པའི་ནང་དུ་འབྲུ་གུ་བཏུལ་ནས་སྨན་དུ་སྤྱོད་རྒྱུ། རོ་ཚ་ཞིང་མངར་ལ་ཁ་བ། ཞུ་རྗེས་ཁ་བ། ནུས་པ་ལྕི་ཞིང་བསིལ་ལ་རྣོ་བས་ནད་ཀུན་དྲག་པོ་ཐུར་དུ་སྦྱོང་བར་བྱེད་པ་ཡིན།
Foreign རྒྱ་གར།

{{#arraymap:ཨེ་རཎྜ་

|; |@@@ | | }}