106912
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | དམ་པ་འདི་བ་རབ་བྱུང་བཞི་བའི་མེ་འབྲུག་ཕྱི་ལོ་ ༡༨༥༦ ལོར། སྦོ་རད་ཁེ་ཅིང་གེ་བདེ་ཆེན་ངང་ནས་བཀྲ་ཤིས་ལྷུན་པོ་གླིང་དགོན་པའི་ཁོངས་དོའོ་ཁུ་འདང་ཞེས་པར་འཁྲུངས། བོད་ཡུལ་དབུས་ཀྱི་གདན་ས་འབྲས་སྤུངས་སྒོ་མང་དུ་གཞུང་ཆེན་བཀའ་པོད་ལྔ་ལ་ཐུགས་གཉེར་གྱིས་རྡོ་རམས་པའི་མཚན་བཏགས་བཞེས། ཕྱི་ལོ་ ༡༨༩༧ ལོར་རང་ཡུལ་དུ་བོན་ནས་ཁེ་ཅིང་གའི་དགོན་པའི་མཚན་ཉིད་བླ་མའི་ཁུར་བཞེས། གསུང་རྩོམ་ལུགས་གཉིས་ཀྱི་བླང་དོར་བརྗོད་པ་ཤེས་རབ་མེ་ལོང་ཞེས་པ་བཞུགས། འདི་སོག་ཡུལ་དུ་གྲགས་ཆེ། |