106946
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རྗེ་འདི་བ་རབ་བྱུང་བཅུ་བཞི་པའི་ས་ཡོས་ཕྱི་ལོ་༡༨༡༩ལོར་མདོ་སྨད་དུ་སྐུ་འཁྲུངས། སྐུ་གཞོན་དུས་ནས་འབྲས་སྤུངས་སྒོ་མང་དུ་ཆོས་ཞུགས་ཀྱིས་མཁན་་ཆེན་བློ་བཟང་འཇམ་དབྱངས་སོགས་བསྟེན་ནས་གཞུང་ཆེན་བཀའ་པོད་ལྔར་གསན་བསམ་མཛད། དགུང་ལོ་ཉེར་བརྒྱད་པར་ལྷ་ལྡན་སྨོན་ལམ་ཆེན་མོར་གྲྭ་སྐོར་མཛད་ནས་ལྷ་རམས་པའི་མཚན་བཏགས་བཞེས། དགུང་ལོ་ཞེ་གཉིས་པར་བཀྲ་ཤིས་ཆོས་གླིང་དགོན་གྱི་ཁྲི་བ་མཛད། བཀའ་རྩོམ་ལ་བྱང་ཆུབ་ལམ་རིམ་གྱི་དམིགས་རྣམ་སྐྱོང་ཚུལ་མདོར་བསྡུས་སོགས་པོད་གཉིས་ཙམ་བཞུགས། |