From Rangjung Yeshe Wiki - Dharma Dictionary
< Dictionaries(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
ༀ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱཧཱ
|
Tibetan Definition
|
སྒྲོལ་མའི་གཟུངས་སྔགས་ཏེ། དེའི་དོན་ནི། ༀ་དང་སྭཱཧ་ནི་ཡོངས་གྲགས་ལྟར་དང་། ཏཱ་རེ་ནི་སྒྲོལ་མ། ཏུཏྟཱ་རེ་ཞེས་བྱ་བ་ནི་ནད་རྣམས་ལས་སྐྱོབ་པར་མཛད་མ། ཏུ་རེ་ནི་མྱུར་དུ་མཛད་མ་ཞེས་པའོ། །དེས་ན་སྙིང་པོ་བསྡུས་ན། རྗེ་བཙུན་སྒྲོལ་མ་ལ་བོད་ནས། འཁོར་བ་དང་ངན་སོང་གི་སྡུག་བསྔལ་ལས་མྱུར་དུ་བསྐྱབ་ཏུ་གསོལ། ཞེས་པའོ། །དཔལ་ལྡན་ཟླ་བ་གྲགས་པའི་གསང་འདུས་སྒྲོན་གསལ་༡༡༩བ༧ལས། “ཏཱ་རེ་” ནི་སྒྲོལ་བ་སྟེ། སྡུག་བསྔལ་གྱི་རྒྱ་མཚོ་ལས་སྒྲོལ་བར་མཛད་པས་ན་སྒྲོལ་མའོ། །ཏུཏྟཱ་རེ་ཞེས་བྱ་བ་ནི་ནད་རྣམས་ལས་སྐྱོབ་པར་མཛད་པ་སྟེ། ཏུཏ་ནི་ཉམ་ཐག་པའོ། །ཏྲ໊་ནི་སྐྱོང་བའོ། །ཏུ་རེ་ནི་ཏུར་ཏྭརནེ་ཞེས་པ་སྟེ། མྱུར་དུ་མཛད་པའོ། །ཚིག་འདི་གསུམ་ཅར་ཡང་བོད་པའོ། །ཞེས་རྒྱུད་འགྲེལ་༼ཧ་པ༽༡༡༩བ༧ལས་གསུངས་སོ། །
|