From Rangjung Yeshe Wiki - Dharma Dictionary
< Dictionaries(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
ཀ་དར་སྒྲོག
|
Tibetan Definition
|
མཛད་སྒོ་གྲོལ་ཁར་རྟེན་འབྲེལ་གྱི་སླད་ཀ་བ་ལ་ཁ་བཏགས་འདོགས་པ་ལ་ཟེར་ཏེ། སྣར་སྐྱིད་ངག་དབང་དོན་གྲུབ་ལགས་ཀྱིས་བརྩམས་པའི་༸རྒྱལ་མཆོག་སྐུ་འཕྲེང་བཅུ་གསུམ་པ་ཆེན་པོའི་མཛད་རྣམ་ལས། མཛད་སྒོའི་རིམ་པ་རྣམས་གྲུབ་ནས་ཚོགས་གྲོལ་ཁར་རྟེན་འབྲེལ་གྱི་སླད་ཚོམས་ཆེན་ནམ་འདུ་ཁང་གི་ཀ་རིང་མདུན་མ་གཉིས་ལ་མཇལ་དར་འདོགས་པ་ལ་ཟེར། ཀ་བ་ཕྲ་བའི་རིགས་ལ་ཀ་དར་འཆིང་ཞེས་འབྲི་དགོས་པར་བཤད་དོ། །
|