From Rangjung Yeshe Wiki - Dharma Dictionary
< Dictionaries(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
ཀུ་སུ་ལུ
|
Tibetan Definition
|
གཙོ་བོར་སྒྲོ་འདོགས་ནང་དུ་གཅོད་ལྟ་རྟོག་ནང་དུ་བྱེད་མཁན་གྱི་བྱ་བཏང་གི་རྣལ་འབྱོར་པ་ལ་ཟེར། རྩེ་ལེ་སྣ་ཚོགས་རང་གྲོལ་གྱི་བརྡ་རྙིང་ལས་ཀྱང་། ཀུ་སཱ་ལི་ནི་བོད་སྐད་དུ་བསྒྱུར་ན་དགེ་བ་ཅན་ཞེས་བྱ་ཡང་། དེ་སང་ཕལ་སྐད་དུ་ཀུ་སུ་ལུ་ཞེས་བྱ་བཏང་ལ་ཟེར་རོ། །ཞེས་བཤད་དོ། །ཆོས་རྗེ་ས་པཎ་གྱིས། ཀུ་སུ་ལུ་ཞེས་པ་མ་དག་པ་ཡིན། ཀུ་ས་ལི་ཞེས་བརྗོད་དགོས། དེའི་དོན་ནི་དགེ་བ་ཅན་ཞེས་པའི་དོན་ཡིན་པར་བཤད་དོ། །ཁ་ཆེའི་པཎྜི་ཏ་དྷརྨ་ཤྲཱིས་མཛད་པར་གྲགས་པའི་སྟོང་ཕྲག་བརྒྱ་པའམ་འབུམ་གྱི་འགྲེལ་པ་ཤེར་ཕྱིན་༼ ཏ་པ ༽༢༠༩བ༣ལས། ཀུ་སུ་ལུའི་གདམས་ངག་གི་ལུགས་ཀྱིས་སྒྲོ་འདོགས་ནང་དུ་གཅོད། ལྟ་རྟོག་ནང་དུ་བྱེད་དེ་རྟོག་མེད་འཁྲུལ་བ་ཡིན་པས་རང་ངོ་རང་གིས་ཤེས་དགོས། རྟོག་པ་ཅིག་རང་ལ་སྐྱེ་དགོས། ཕྱི་རོལ་གྱི་ཡུལ་བཀག་པས་མི་ཁེགས། བསྒྲུབས་པས་མི་འགྲུབ་དཔེར་ན་མིག་ནད་ཅན་གྱི་སྐྲ་ཤད་དང་འདྲ། ཞེས་གསུངས་སོ། །ལུང་འདི་རྗེའི་ལེགས་བཤད་གསེར་ཕྲེང་དང་། སེ་ར་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་གྱི་སྐབས་དང་པོའི་སྤྱི་དོན་དུའང་ལུང་འདྲེན་མཛད་ཡོད།
|