173

From Rangjung Yeshe Wiki - Dharma Dictionary
< Dictionaries
Revision as of 11:32, 26 May 2022 by Jeremi (talk | contribs) (CSV import of sgom sde tshig mdzod chenmo)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཀུན་ནས་མནར་སེམས་པའི་གཞི་དགུ
Tibetan Definition ཞེ་སྡང་སྐྱེ་བའི་ཡུལ་དགུ་ནི། བདག་ལ་གནོད་པ་བྱས་སོ། །བྱེད་དོ། །བྱེད་པར་འགྱུར་རོ། །ཞེས་བདག་ལ་སྦྱར་བ་གསུམ། བདག་གི་གཉེན་ལ་གནོད་པ་བྱས་སོ། །བྱེད་དོ། །བྱེད་པར་འགྱུར་རོ། །ཞེས་གཉེན་ལ་སྦྱར་བ་གསུམ། བདག་གི་དགྲ་ལ་ཕན་བཏགས་སོ། །འདོགས་པར་བྱེད་དོ། །འདོགས་པར་འགྱུར་རོ། །ཞེས་དགྲ་ལ་སྦྱར་བ་གསུམ་སྟེ་དགུའོ། །རིན་ཆེན་ཕྲེང་བ་ལས། གནོད་སེམས་བདག་དང་གྲོགས་དང་དགྲའི། །ཕྱོགས་ལ་དུས་གསུམ་དོན་མེད་པའི། །དོགས་པ་གཞན་ལ་གནོད་པའི་སེམས། །རྒྱུ་དགུ་ལས་ནི་བྱུང་བ་ཡིན། །ཞེས་གསུངས་སོ། །