179

From Rangjung Yeshe Wiki - Dharma Dictionary
< Dictionaries
Revision as of 11:32, 26 May 2022 by Jeremi (talk | contribs) (CSV import of sgom sde tshig mdzod chenmo)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཀུན་བཟང་བླ་མའི་ཞལ་ལུང
Tibetan Definition རྙིང་མའི་བསྟན་བཅོས་ཤིག་སྟེ། རྫ་དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི་དབང་པོས་མཛད། འདི་དགེ་ལྡན་པའི་ལམ་རིམ་དང་། ས་སྐྱའི་ལམ་འབྲས། བཀའ་བརྒྱུད་པའི་དག་པོ་ཐར་རྒྱན་སོགས་དང་ཕྱོགས་མཚུངས་པར་སངས་རྒྱས་སུ་བགྲོད་པའི་ལམ་གྱི་རིམ་པ་མཐའ་དག་གང་ཟག་གཅིག་གི་ཉམས་ལེན་གྱི་རིམ་པར་དྲིལ་ནས་ཚིག་ཉུང་ཞིང་དོན་རྒྱས་ལ་ཆེས་ལག་ཏུ་བླང་བདེ་བའི་བསྟན་བཅོས་ཤིག སྔ་མོ་ལོ་རབས་བརྒྱད་ཅུའི་ནང་ངེད་རང་ལོ་ན་ཕྲ་དུས་༸རྒྱལ་དབང་བསྟན་འཛིན་རྒྱ་མཚོས་གསུང་ཆོས་སྐབས་འདིའི་ལུང་འདྲེན་ཡང་ཡང་མཛད་པར་དགའ་ལྡན་ཁྲི་པ་ཞིག་གིས་མཛད་པ་ཡིན་ནམ་སྙམ་གྱི་ཡོད། དེ་དུས་ནི་ཆོས་ལུགས་གཞན་ལ་དག་སྣང་སྦྱོང་རྒྱུ་དང་སློབ་སྦྱོང་བྱ་རྒྱུའི་འདུན་པ་ཙམ་ཡང་སྐྱེ་མ་མྱོང་།