From Rangjung Yeshe Wiki - Dharma Dictionary
< Dictionaries(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
ཁ་ཟས་སྦྱིན་པའི་ཕན་ཡོན་བཅུ
|
Tibetan Definition
|
ཁ་ཟས་སྦྱིན་པའི་ཕན་ཡོན་བཅུ་ཡོད་དེ། བཅུ་གང་ཞེ་ན། ཚེ་རིང་བར་འགྱུར་བ་དང་། མདོག་བཟང་བར་འགྱུར་བ་དང་། སྟོབས་དང་ལྡན་པར་འགྱུར་བ་དང་། དྲན་པ་དང་ལྡན་ཞིང་སྤོབས་པ་དང་ལྡན་པར་འགྱུར་བ་དང་། བག་ཚ་བ་མེད་པར་འཁོར་གྱི་ནང་དུ་འགྲོ་བ་དང་། འཁོར་འདུན་པར་འགྱུར་བ་དང་། ལྷ་དང་མི་རྣམས་དགའ་བར་འགྱུར་བ་དང་། ལོངས་སྤྱོད་ཆེ་བར་འགྱུར་བ་དང་། མཐོ་རིས་སུ་སྐྱེ་བར་འགྱུར་བ་དང་། མྱུར་དུ་ཡོངས་སུ་མྱ་ངན་ལས་འདའ་བ་སྟེ། བཅུ་པོ་དེ་དག་ནི་ཁ་ཟས་བྱིན་པའི་ཕན་ཡོན་ནོ། །ཞེས་ལས་རྣམ་པར་འབྱེད་པ། མདོ་༼ ས ༽༢༩༦བ༦ ལས་གསུངས་སོ། །གཞན་ཡང་བཞོན་པ་སྦྱིན་པའི་ཕན་ཡོན་དང་། གནས་སྦྱིན་པའི་ཕན་ཡོན་སོགས་ཀྱང་དེར་གསུངས་སོ། །
|