From Rangjung Yeshe Wiki - Dharma Dictionary
< Dictionaries(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
ཁུད་པ
|
Tibetan Definition
|
(འདུལ་བ) 1 སྐྱེས་དང་རྫོངས་དང་། ལག་རྟགས། ཐུན་མིན་གྱི་ཁྱད་ཆོས་བཅས་ལ་འཇུག་པར་བཤད། བེའུ་འགྲེལ་ལས། རྟེན་འབྲེལ་ཟབ་མོ་ཆོས་ཀྱི་ཁུད་པ་ཡིན། ཞེས་པ་ལྟ་བུའོ། ། 2 སུལ། དཔེར་ན་རི་ཁུད་དང་གོས་ཀྱི་ཁུད་ཅེས་པ་ལྟ་བུ། 3 སྒེར་བདག་བྱེད་པ། རང་གཅིག་པུས་དབང་བར་བྱེད་པ། ལུང་རྣམ་འབྱེད་༼ ཉ ༽༢༢༡བ༡ལས། དེ་ཨུཏྤལཱི་མདོག་ལ་རྗེས་སུ་ཆགས་པ་སྐྱེས་ནས་དེས་དེ་གཅིག་པུས་ཆུང་མ་ཁུད་པར་བྱས་སོ། །ལི་ཙྪ་བཱི་དང་ཁྲོས་ནས་ཤར་གྱི་སྒོ་བའི་བུ་དེས་ཚོགས་ཀྱིས་སྤྱད་པར་བྱ་བའི་བུད་མེད་དེ་གཅིག་པུས་ཆུང་མ་ཁུད་པར་ཀྱིས་དེ་གསོད་དུ་འདོང་ངོ་ཞེས་ཟེར་རོ། །ཞེས་གསུངས་པ་ལྟར་རོ། །
|