From Rangjung Yeshe Wiki - Dharma Dictionary
< Dictionaries(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
ཁྱུ་མཆོག
|
Tibetan Definition
|
2 བ་ལང་གི་མཆོག རྗེའི་སྐབས་གསུམ་མ་ལས། བ་ལང་ཁྱུ་ཡི་ཐོག་མར་ཁྱུ་མཆོག་བཞིན། །ཞེས་པ་ལྟར་དང་། སོ་ཐར་གྱི་མདོའི་འགྲེལ་པ་ལས། སྐྱེ་བོ་མ་རབས་བསྟེན་ན་ནི། །མིག་གིས་བཟང་པོ་མཐོང་མི་འགྱུར། །སེངྒེ་ཁྱུ་མཆོག་མཛའ་བ་ལ། །ཝ་ཡིས་ཐ་དད་བྱས་ལ་ལྟོས། །ཞེས་དང་། ཡང་འདུལ་བ་ལུང་གཞི་ལས། ཁྱུ་མཆོག་བ་གླང་ཚོགས་ཀྱིས་བསྐོར་བ་ལྟ་བུ། ཞེས་གསུངས་པ་ལྟར་རོ། །ས་སྐྱ་ལེགས་བཤད་ལས། སེངྒེས་ཁྱུ་མཆོག་གསོད་པའི་ཚེ། །རྭ་ལ་འཛུར་བ་ག་ལ་སྡར། །རྣམ་པ་ཀུན་ཏུ་མི་དཔྱོད་པར། །དགྲ་ལ་མཆོང་བ་བླུན་རྟགས་ཡིན། །ཞེས་གསུངས།
|