657

From Rangjung Yeshe Wiki - Dharma Dictionary
< Dictionaries
Revision as of 11:34, 26 May 2022 by Jeremi (talk | contribs) (CSV import of sgom sde tshig mdzod chenmo)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཁྲེ
Tibetan Definition རྒྱ་གར་གྱི་འབྲུའི་རིགས་ཤིག རྒྱ་གར་བས་འདི་ལ་ “केादी” ཀཱོ་དཱི་དང་། “जुवार” ཇུ་ཝཱར་ཟེར་ཞིང་། ཕྱི་རྒྱལ་བས་ millet ཟེར། འདིས་ལུས་བརྟས་པར་བྱེད་ཅིང་། ཡན་ལག་ཆག་གྲུགས་འབྱོར་བར་བྱེད་དོ། །འགྲེལ་པ་ཟླ་ཟེར་༼ གསོ་རིག་ཀོ་པ ༽༦༨ན༡ལས། དེ་ལ་ཁྲེ་ནི་བརྟ་བྱེད་ལྕི། །ལུས་ཀྱི་ཆག་གྲུགས་འབྱོར་བར་བྱེད། །ཅེས་བྱ་བ་ནི། དེ་ལ་རྩ་ཅན་གྱི་འབྲུ་དེ་རྣམས་ཀྱི་ནང་ནས་ཁྲེ་ནི་ལུས་བརྟ་བར་བྱེད་པ་དང་། ལྕི་བ་དང་ཡན་ལག་གི་ཆག་གྲུགས་འབྱོར་ཅིང་འཆོ་བར་བྱེད་པ་ཡིན་ནོ། །ཞེས་གསུངས་སོ། །འདི་འབྲུའི་རིགས་ཅུང་ཟད་དམན་པ་ཞིག་དང་། རྒྱ་གར་གྱི་ཁྱིམ་ཚང་དཀྱུས་མ་དག་གིས་ཟ་བར་བྱེད་དོ། །དྲི་མེད་ཤེལ་ཕྲེང་༥༩ལས་ཀྱང་། ཁྲེ་ནི་ལྕི་བསིལ་ལྡན་པས་རྨ་བརྟས་བྱེད། །རུས་པ་ཆག་གྲུམ་གས་རྣམས་སྦྱོར་བར་བྱེད། །ཅེས་གསུངས།