732

From Rangjung Yeshe Wiki - Dharma Dictionary
< Dictionaries
Revision as of 11:34, 26 May 2022 by Jeremi (talk | contribs) (CSV import of sgom sde tshig mdzod chenmo)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
གངས་གཡག
Tibetan Definition འབྲོང་(གཡག་རྒོད) དང་གཡག་གི་མིང་། གངས་གཡག་ཅེས་པ་འདི་རྒྱ་གར་གྱི་སྙན་ངག་པ་རྣམས་ཀྱིས་བཏགས་པ་ཙམ་ལས་དོན་ལ་བོད་ཀྱི་འབྲོང་དང་གཡག་རང་གི་མིང་ཡིན། རྒྱལ་ཁམས་རིག་པས་བསྐོར་བའི་གཏམ་རྒྱུད་གསེར་གྱི་ཐང་མ་ལས། བཻཌཱུརྱ་མཐིང་ནག་ལྟ་བུའི་སྤུ་དང་ལྡན་པའི་གངས་ཅན་གྱི་གཡག་ཅེས་པ་དང་། གཡག་དེའི་སྤུ་རེ་ཙམ་ཤིང་ལ་ཐོགས་ཀྱང་གཅོད་དུ་འཕང་ནས་རྔོན་པ་སླེབས་ཀྱང་མི་འབྲོས་པར་དེར་སྡོད་སྐད་དང་། གཞན་རྒྱ་གར་བའི་སྙན་ངག་མཁན་མང་པོ་གངས་ཅན་ལ་སྦྱར་བའི་རྩོམ་བྱེད་ཚེ་གངས་གཡག་ཅེས་ངོ་མཚར་ཆེ་ཆེ་བར་བྲིས་པ་དག་ཀྱང་རང་རེའི་ཡུལ་གྱི་འབྲོང་དང་གཡག་འདི་དག་རྒྱང་རིང་པོ་ན་སྙན་གྲགས་ཆེ་རུ་སོང་བ་ཡིན་གྱི་དེ་དག་གི་ཐུགས་ལ་ཤར་བའི་རྣམ་པ་དེ་འདྲ་ཞིག་ག་ཤེད་ཅིག་ན་ཡོད་སྙམ་དུ་ལྟ་བར་མི་བྱ་སྟེ། འདི་ལྟ་བུ་དག་ཀྱང་སྐབས་མང་པོར་བྱེ་བྲག་ཕྱེས་ནས་ཤེས་པར་བྱའོ། །ཞེས་གསུངས་པ་ལྟར་རོ། །