From Rangjung Yeshe Wiki - Dharma Dictionary
< Dictionaries(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
གངྒཱ
|
Tibetan Definition
|
རྒྱ་གར་གྱིས་ཧ་ཅང་རྩ་བ་ཆེན་པོར་འཛིན་པའི་ཆུ་བོ་ཞིག ལྷ་ཡི་ཆུ་བོ་ཡིན་ཟེར། འདི་ལ་བོད་སྐད་དུ་རྨ་བྱ་ཁ་འབབ་ཟེར། གངས་ཏེ་སེའི་ལྷོ་ཕྱོགས་ནས་འབབ་པའི་རྨ་བྱ་ཁ་འབབ་ནི། སྤུ་ཧྲེང་ཕྱོགས་ནས། རྒྱ་གར་ཨུཏྟར་པྲ་དེ་ཤ་བརྒྱུད་ཕྱི་ནང་གཉིས་ཀས་རྩ་ཆེར་འཛིན་པ་ཆུ་བོ་གངྒཱའམ། དབྱིན་སྐད་དུ་གྷན་ཇི་ཞེས་བྱ་བ། མངོན་བརྗོད་མཁས་པའི་རྣ་རྒྱན་༤༦ལས། ཆུ་བོ་བཞི་པོ་འབབ་པའི་ཕྱོགས་ནི་བོད་རྒྱ་ཚིག་མཛོད་ཆེན་མོར་གསུངས་པ་ལྟར་གསལ་ལོ། །གཞན་ཡང་གངྒཱའི་ཆུ་འགོ་བོད་ཀྱི་ཡིག་ཆ་ཕལ་ཆེ་བ་དང་། རིག་བྱེད་ཀྱི་གཞུང་“མཧཱ་བྷ་ར་ཏ”Mahabharata महारत ལས་གངས་ཏེ་སེ་ནས་འབྱུང་བར་བཤད་པ་དང་། ཡང་རྒྱ་གར་བ་དག་གིས། ཧི་མ་ལ་ཡའི་རི་བརྒྱུད་“གར་བར་གངྒུ་ཏྲི”Gangotriལས་འབྱུང་བར་བཤད་པའི་ཚུལ་གཉིས་ཡོད་པ། ཞྭ་སྒབ་པའི་རྒྱལ་རབས་དེབ་དང་པོ་༢༤ན་གསལ་ལོ། །སྐུ་ངོ་ཞྭ་སྒབ་པས་རྒྱལ་རབས་རྩོམ་སྒྲིག་གནང་སྐབས་རྒྱ་གར་གཞུང་ནས་སྟངས་འཛིན་ནན་པོ་གནང་འདུག་ཅིང་། དེ་དུས་རྒྱ་གར་གཞུང་ནས་ཁྱོད་ཀྱིས་རྨ་བྱ་ཁ་འབབ་གངྒཱ་འདི་བཞིན་གངས་ཏེ་སེ་ནས་འབྱུང་བར་བཤད་འདུག་ཀྱང་། གངྒུ་ཏྲི་ལས་འབྱུང་བར་མངོན་སུམ་ཚད་གྲུབ་ཡིན་པས། ཁྱོད་ཀྱི་བཤད་སྲོལ་འདི་ལ་ཁུངས་ཅི་ཡོད་ཅེས་བཀོད་འདོམས་ནན་པོས་བཀར་འདུག་ཀྱང་། ཁོང་ནས་འདི་ཁྱེད་ཅག་གི་རིག་བྱེད་ཀྱི་གཞུང་མཧཱ་བྷ་ར་ཏ་ལས་གསུངས་འདུག་ཅེས་འགྲེལ་བཤད་བྱས་སྐབས་རྒྱ་གར་གཞུང་ལ་གསུང་རྒྱུ་གང་ཡང་བྱུང་མི་འདུག འདིའི་སྐོར་རྣམས་ཁུ་ནུ་བླ་མ་བསྟན་འཛིན་རྒྱལ་མཚན་ལ་བཀའ་འདྲི་ཞུས་ཏེ་ལན་འདེབས་གནང་འདུག ཞྭ་སྒབ་པས་གངྒཱ་གངྒུ་ཏྲི་ལས་འབྱུང་བ་དང་གངས་ཏེ་སེ་ལས་འབྱུང་བར་བཤད་པ་གཉིས་ལ་འགལ་བ་མེད་དེ། གངས་ཏེ་སེའི་གཤམ་ནས་ས་འོག་ཏུ་སོང་སྟེ་གངྒུ་ཏྲི་ནས་ཐོན་པའང་སྲིད་ཅེས་འགྲེལ་བཤད་གནང་འདུག འདི་སྐོར་རྣམས་ཞྭ་སྒབ་པའི་རྒྱལ་རབས་གསུང་བཤད་ནང་གསལ་ལོ། །དཔྱད་པར་བྱ་བ་ཞིག་ལ། བོད་རྒྱ་ཚིག་མཛོད་ཆེན་མོར། གངྒཱ་ཤར་ཕྱོགས་གླང་ཆེན་གྱི་ཁ་ནས་འབབ་པར་བཤད་ལ། ཞྭ་སྒབ་པའི་རྒྱལ་རབས་ནང་། གངྒཱ་དེ་བཞིན་ལྷོ་ཕྱོགས་རྨ་བྱའི་ཁ་ནས་འབབ་པར་བཤད་པའི་བཤད་ཚུལ་མི་འདྲ་བ་གཉིས་འདུག་པས་དཔྱད་པར་འོས་སོ། །ཆུ་འདི་ལོ་ཉི་ཤུ་སུམ་ཅུ་ཤེལ་དམ་སོགས་སུ་བླུགས་ནས་བཞག་ཀྱང་རྙིང་རུལ་ཆགས་རྒྱུ་མེད་ཟེར། དེ་བདེན་པ་ཡིན་འདུག གངྒཱ་ཞེས་པ་བོད་སྐད་དུ་བསྒྱུར་ན། འགྲོ་ལྡན་མ་ཞེས་བྱའོ། །
|