762

From Rangjung Yeshe Wiki - Dharma Dictionary
< Dictionaries
Revision as of 11:34, 26 May 2022 by Jeremi (talk | contribs) (CSV import of sgom sde tshig mdzod chenmo)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
གཅེར་བུ་ལ་ཟས་སྦྱིན་པའི་ལྟུང་བྱེད
Tibetan Definition (འདུལ་བ) འབའ་ཞིག་པ་དགུ་བཅུའི་ཞེ་བཞི་པ། གཅེར་བུ་ལ་ཟས་སྦྱིན་པའི་ལྟུང་བྱེད་ཀྱི་ངོ་ཏི་ནི། བཅས་ལྡན་དགེ་སློང་གིས་མུ་སྟེགས་ཀྱི་རབ་ཏུ་བྱུང་བ་ལ་དགོས་པ་ཁྱད་པར་ཅན་ལ་མ་ལྟོས་པར་ངག་གི་རིག་བྱེད་ཀྱིས་ཟས་བྱིན་ཞིང་དེས་བླངས་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །གླེང་གཞི་ནི། མཉན་ཡོད་དུ་ཀུན་དགའ་བོས་མ་བརྟགས་པར་གཅེར་བུ་ལ་ཟས་སྦྱིན་པ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་ཆེས་མཚོད་པའི་གནས་སུ་བྱེད་དོ་ཞེས་གཞན་དག་མ་དད་པ་སྐྱེ་བའོ། །