802

From Rangjung Yeshe Wiki - Dharma Dictionary
< Dictionaries
Revision as of 11:35, 26 May 2022 by Jeremi (talk | contribs) (CSV import of sgom sde tshig mdzod chenmo)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
གཉིས་སྐྱེས
Tibetan Definition 1 བྱ། སྒོང་སྐྱེས། པཎ་ཆེན་དཔལ་ལྡན་ཡེ་ཤེས་གསུང་ལམ་རིམ་བཤད་ལུང་གི་ཟིན་བྲིས་༢༠ན༤ལས། སྒོང་སྐྱེས་ལ་གཉིས་སྐྱེས་ཟེར་བའི་རྒྱུ་མཚན་ནི། དང་པོ་མའི་མངལ་དུ་ཉིང་མཚམས་སྦྱོར་བ་ན། ས་ཆུ་མེ་རླུང་ནམ་མཁའི་ཁམས་ཀྱི་རིམ་པས་གྲུབ་པ་དང་། ཕྱིར་སྒོ་ངའི་ནང་དུ་སྔ་མ་ལས་ལྡོག་སྟེ་ནམ་མཁའ་རླུང་། མེ་ཆུ་སའི་རིམ་པས་ལུགས་ལྡོག་ཏུ་གྲུབ་པ་སྟེ། ཁམས་དྲུག་འགྲུབ་པའི་རིམ་པ་གཉིས་ཡོད་པས་གཉིས་སྐྱེས་ཞེས་ཟེར་གསུངས། ཞེས་གསུངས། ཁོ་བོ་ལྟར་ན་འགྲེལ་བཤད་མགོ་རྙོགས་དེ་འདྲ་མི་དགོས་པར། སྐྱེ་ཐེབས་སམ་སྐྱེ་ཐེངས་གཉིས་བྱས་པའི་རྒྱུ་མཚན་གྱིས་གཉིས་སྐྱེས་ཞེས་བརྗོད་པ་ཡིན་ཏེ། མའི་མངལ་དུ་ཉིང་མཚམས་སྦྱོར་བའི་ཚེ་སྐྱེ་ཐེབས་གཅིག དེ་ནས་སྒོ་ང་ནས་ཕྱིར་བཙས་པའི་ཚེ་སྐྱེ་ཐེབས་གཅིག་སྟེ་གཉིས་སོ། །