965

From Rangjung Yeshe Wiki - Dharma Dictionary
< Dictionaries
Revision as of 11:35, 26 May 2022 by Jeremi (talk | contribs) (CSV import of sgom sde tshig mdzod chenmo)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
གདོང་ལྔ
Tibetan Definition <པཉྩཱསྱ> སེངྒེའི་མིང༌། སྒྲ་བཤད་ནི། རྐང་ལག་བཞི་དང་གདོང་སྟེ་ཁ་བཅས་ལྔ་ཆར་གྱིས་རི་དྭགས་འཛིན་དང་གསོད་པ་སོགས་བྱེད་པའི་ཆ་ནས་གདོང་ལྔ་པའམ་ཁ་ལྔ་པ་ཞེས་བྱ་སྟེ། མངོན་བརྗོད་འཆི་མེད་མཛོད་ཀྱི་འགྲེལ་པ་འདོད་འཇོ་བ་མོ་ལས།པཉྩཱསྱནི། པཉྩ་ནི་ལྔ་དང་།ཨསྱཁའམ། གདོང་སྟེ། གདོང་ལྔ་པའམ། ཁ་ལྔ་པ་ཞེས་བྱ་སྟེ། ཁ་བཞིན་དུ་རྐང་པ་གཉིས་དང་ལག་པ་དག་གིས་ཀྱང་ལག་ལྡན་གྱི་བུམ་པ་འགེམས་པར་བཟོད་པའི་ཕྱིར་རོ། །ཞེས་གསུངས་པ་ལྟར་རོ། །ཡང་བཤད་ཚུལ་གཞན་ཞིག་ལ། གདོང་གི་ཤ་ཚུགས་ལ་འབུར་ལྔ་ཡོད་པས་དེ་ལྟར་དུ་བཤད་པ་གཉིས་ཡོད་དོ། །རྗེ་གུང་ཐང་པའི་ཕྱག་ཆེན་གྱི་ཁྲིད་ཡིག་ན་གསལ། ཡང༌། དེ་དང་འདྲ་བར། ཁ། སྣ། ཁུར་ཚོས་གཉིས། མ་ལེ་སྟེ་ལྔ་ཡོད་པས་གདོང་ལྔའོ། །དངུལ་ཆུའི་གསུང་ཟིན་བྲིས་ན་གསལ། བཤད་ཚུལ་དེ་རྣམས་ལས་མངོན་བརྗོད་འགྲེལ་པ་འདོད་འཇོ་བ་མོ་ལས་གསུངས་པ་ཉིད་ཁུངས་བཙུན་པར་མཐོང་ངོ་། །