1034

From Rangjung Yeshe Wiki - Dharma Dictionary
< Dictionaries
Revision as of 11:35, 26 May 2022 by Jeremi (talk | contribs) (CSV import of sgom sde tshig mdzod chenmo)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
གནས་དང་གནས་མ་ཡིན་པ
Tibetan Definition 2 རྒྱུ་དང་རྒྱུ་མ་ཡིན་པ། སྲིད་པ་དང་མི་སྲིད་པ། དཔེར་ན་དགེ་བ་ནི་བདེ་བའི་གནས་ཡིན་ཀྱང་སྡུག་བསྔལ་གྱི་གནས་མ་ཡིན། མི་དགེ་བ་ནི་སྡུག་བསྔལ་གྱི་གནས་ཡིན་ཀྱང་བདེ་བའི་གནས་མིན་པ་ལྟ་བུའོ། །རྗེ་ཙོང་ཁ་པ་ཆེན་པོའི་འཇམ་དབྱངས་བསྟོད་སྤྲིན་རྒྱ་མཚོ་ལས། སྦྱིན་ལས་འབྱོར་ལྡན་གནས་ཡིན་དབུལ་པོ་མིན། །སེར་སྣས་དབུལ་པོའི་གནས་ཡིན་འབྱོར་ལྡན་མིན། །དེ་སོགས་རྟེན་འབྲེལ་མི་སླུའི་གནས་ཀུན་མཁྱེན། །དེ་ཕྱིར་ཁྱོད་ནི་སྨྲ་བའི་གཙོ་བོ་ལགས། །ཞེས་གསུངས་པ་ལྟར་དང༌། ས་སྐྱའི་མཁས་པ་གཡག་སྟོན་སངས་རྒྱས་དཔལ་གྱིས། དཔེར་ན་སེར་སྣ་ནི་དབུལ་བའི་གནས་དང་ལོངས་སྤྱོད་ཆེ་བའི་གནས་མ་ཡིན། སྦྱིན་པ་ནི་ལོངས་སྤྱོད་ཆེ་བའི་གནས་དང་དབུལ་བའི་གནས་མ་ཡིན་པ་དེ་ལྟ་བུའོ། །གནས་ནི་རྒྱུའོ། །ཞེས་གསུངས་པ་ལྟར་རོ། །སྒྲ་བཤད་ནི། གནས་ནི་རྒྱུ་དང༌། གནས་མིན་པ་ནི་རྒྱུ་མིན་པའོ། །ཡང་ན་གནས་ནི་སྲིད་པ་དང་། གནས་མིན་པ་ནི་མི་སྲིད་པའི་དོན་ཏོ། །བསྟན་འགྱུར་སྣ་ཚོགས་༼ ཉོ་པ ༽༡༧༨བ་སོགས་གཞུང་མང་པོར་གསལ་ལོ། །