From Rangjung Yeshe Wiki - Dharma Dictionary
< Dictionaries(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
| གནས་མ་བུ་པ
|
| Tibetan Definition
|
(འདུལ་བ) ཉན་ཐོས་སྡེ་པ་བཅོ་བརྒྱད་ཀྱི་ནང་ཚན་ཞིག སྒྲ་བཤད་ནི། གནས་མ་ནི་གནས་མོ་དང་། དེའི་བུ་ཡིན་པའི་ཕྱིར་གནས་མའི་བུ། པ་ནི་སྡེ་པ་ཞེས་པའི་དོན་ནོ། །དེས་ན་གནས་མོའི་བུའི་སྡེ་པ་ཞེས་པའི་དོན་ནོ། །སློབ་དཔོན་བྷ་བྱས་མཛད་པའི་སྡེ་པ་ཐ་དད་པར་བྱེད་པ་དང་རྣམ་པར་བཤད་པ་༡༤༧བ༧ལས། གནས་པའི་རིགས་ཉིད་ཀྱི་བུད་མེད་ནི་གནས་མ་ཡིན་ལ། དེ་ལས་སྐྱེས་པའི་བུ་ནི་གནས་མའི་བུ་སྟེ། དེའི་རིགས་ཡིན་པར་སྟོན་པ་ནི་གནས་མའི་བུའོ། །ཞེས་གསུངས་སོ། །
|