1063

From Rangjung Yeshe Wiki - Dharma Dictionary
< Dictionaries
Revision as of 11:36, 26 May 2022 by Jeremi (talk | contribs) (CSV import of sgom sde tshig mdzod chenmo)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
གནས་ལ་དད
Tibetan Definition རང་འབྱོར་ལྔའི་ཐ་མ་སྟེ། སྡེ་སྣོད་གསུམ་ལ་དད་པའོ། །དེ་ཡང་ཉན་ས་ལས། མི་ཉིད་དབུས་སྐྱེས་དབང་པོ་ཚང༌། །ལས་མཐའ་མ་ལོག་གནས་ལ་དད། །ཅེས་གསུངས་པ་ལྟར་རོ། །སྒྲ་བཤད་ནི། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དཀར་ཆོས་ཐམས་ཅད་སྐྱེ་བའི་གནས་ཏེ་རྒྱུ་སྡེ་སྣོད་རིན་པོ་ཆེ་རྣམ་པ་གསུམ་ལ་དད་པས་ན་གནས་ལ་དད་ཅེས་བྱའོ། །