1084

From Rangjung Yeshe Wiki - Dharma Dictionary
< Dictionaries
Revision as of 11:36, 26 May 2022 by Jeremi (talk | contribs) (CSV import of sgom sde tshig mdzod chenmo)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
གཙང་པ་བདུན་བརྒྱུད
Tibetan Definition འདི་ལ་འཇམ་དབྱངས་གཙང་པ་བདུན་བརྒྱུད་ཀྱང་ཟེར། རྗེ་ཙོང་ཁ་པ་ཆེན་པོ་མྱ་ངན་ལས་འདས་རྗེས་དགའ་ལྡན་ཁྲི་ལ་ཕེབས་མཁན་གྱི་གཙང་པའི་མི་རིགས་བདུན་ནི། ཁྲི་ཐོག་གཉིས་པ་རྒྱལ་ཚབ་དར་མ་རིན་ཆེན། ཁྲི་ཐོག་གསུམ་པ་མཁས་གྲུབ་དགེ་ལེགས་དཔལ་བཟང་། ཁྲི་ཐོག་བཞི་པ་ཞ་ལུ་བ་ལེགས་པའི་རྒྱལ་མཚན། ཁྲི་ཐོག་ལྔ་པ་གཡག་སྡེ་བ་བློ་གྲོས་ཆོས་སྐྱོང་། ཁྲི་ཐོག་དྲུག་པ་མཁས་གྲུབ་རྗེའི་སྐུ་མཆེད་བ་སོ་ཆོས་ཀྱི་རྒྱལ་མཚན། ཁྲི་ཐོག་བདུན་པ་དྭགས་པོ་གྲྭ་ཚང་ཕྱག་འདེབས་པ་པོ་མཁས་མཆོག་བློ་གྲོས་བརྟན་པ། ཁྲི་ཐོག་བརྒྱད་པ་རྣམ་འགྲེལ་སྨོན་ཊཱིཀ་མཛད་པ་པོ་རྗེ་སྨོན་ལམ་དཔལ་བ་བཅས་ལ་ཟེར། དང་པོ་དྲུག་གིས་རྗེ་ཉིད་ལས་ཆོས་དངོས་སུ་གསན་ཅིང་། རྗེ་སྨོན་ལམ་དཔལ་བས་རྗེ་ཙོང་ཁ་པ་ཆེན་པོ་ལས་དངོས་སུ་ཆོས་མ་གསན་ཀྱང་མནལ་ལམ་དུ་གསན་པར། རྗེའི་རྣམ་ཐར་ཆེན་མོར་བཤད། རྟོགས་ལྡན་འཇམ་དཔལ་རྒྱ་མཚོའི་མནལ་ལམ་དུ། རྗེ་རིན་པོ་ཆེའི་མཆོད་རྟེན་ཡིན་ཟེར་བ་ཆ་ཚད་ཡོངས་སུ་རྫོགས་པ་རྩེ་མོ་སྤྲིན་གྱི་གསེབ་ལ་སླེབས་པ། ཁ་དོག་ཤིན་ཏུ་དཀར་ཞིང་མཁྲེགས་པ་དཀར་ཡོལ་གྱི་རྩི་ལྟར་དྭངས་པ་ཞིག་ལ། སྤྲིན་གྱི་གསེབ་ནས་མཁའ་འགྲོ་མ་ཡིན་ཟེར་བ་ལྷ་མོ་འི་རྣམ་པ་ལྟ་བུ་དང༌། བུད་མེད་ཕལ་བའི་རྣམ་པ་ལྟ་བུ་རུས་པ་དང་རིན་པོ་ཆེའི་རྒྱུན་སྣ་ཚོགས་གསོལ་བ། ཕྱག་ན་རིན་པོ་ཆེའི་བུམ་པ་དཀར་པོ་བདུད་རྩི་དཀར་པོས་གང་བ་ཐོགས་པ་མཐའ་ཡས་པས་བདུད་རྩིའི་རྒྱུན་གྱིས་སྐུ་དཀར་རྫོགས་པར་གསོལ། མཆོད་རྟེན་དེའི་མཐའ་ན་འབུམ་པ་མང་དུ་སྣང་ཞིང༌། ཁྱད་པར་དུ་བྱང་ཕྱོགས་ན་མཆོད་རྟེན་དེ་ལ་ཉེ་བར་བསྐོར་བའི་མཆོད་རྟེན་བདུན་སྣང༌བ་དེས་འཇམ་དབྱངས་གཙང་པ་བདུན་བརྒྱུད་ལུང་བསྟན་པར། རྗེའི་རྣམ་ཐར་ཆེན་མོ་སོགས་སུ་གསུངས་སོ། །