From Rangjung Yeshe Wiki - Dharma Dictionary
< Dictionaries(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
| གཞི་ཇི་བཞིན་པ
|
| Tibetan Definition
|
(འདུལ་བ) སྦྱངས་པའི་ཡོན་ཏན་བཅུ་གཉིས་ཀྱི་ནང་གསེས། རྩྭའམ་ལོ་མའི་སྟན་བཏིང་པ་ལས་གཞན་འབོལ་སྟན་དང་རས་ལ་སོགས་པའི་སྟན་ལ་ཆགས་པ་སྤངས་པའི་ཕྱིར་གཞི་ཇི་བཞིན་པའོ། །སྒྲ་བཤད་ནི། རྩྭའམ་ལོ་མ་བཏིང་པའི་སྟེང་དུ་མལ་འཆའ་བར་བྱེད་ཅིང༌། དེ་ཡང་ལན་ཅིག་ཇི་ལྟར་བཏིང་པ་དེ་ཁོ་ནའི་སྟེང་དུ་མལ་འཆའ་བར་བྱེད་ཀྱི་ཡང་ཡང་མི་བརྗེ་བས་གཞི་ཇི་བཞིན་པ་ཞེས་བྱའོ། །གོ་བདེ་བར་བཤད་ན། གཞི་ནི་འདིར་གདན་ལ་བརྗོད་ཅིང༌། ཇི་བཞིན་པ་ནི་རང་འཇགས་བཞག་པའི་དོན་ནོ། །
|