1196

From Rangjung Yeshe Wiki - Dharma Dictionary
< Dictionaries
Revision as of 12:36, 26 May 2022 by Jeremi (talk | contribs) (CSV import of sgom sde tshig mdzod chenmo)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
གཞོགས་སྟེགས
Tibetan Definition མིག་ཟུར་གྱིས་བལྟ་བ་ལ་སོགས་པ་མི་གསལ་བར་ཆགས་པའི་རྣམ་འགྱུར་སྟོན་པ་ལ་ཟེར། དེ་ལ་སྒེག་ཉམས་ཞེས་ཀྱང་སྣང༌། འདུལ་བ་ལུང་གཞིའི་འགྲེལ་པ་ལས། གཞོགས་སྟེགས་ཞེས་བྱ་བ་ནི་ཧ་ཅང་བརྟད་པར་མི་འཇུག་ཅིང་སྤུ་མ་ཉམས་པར་འཇོ་སྒེག་དང་ཀུན་ཏུ་རྩེ་བ་ལ་སོགས་པ་ལུས་དང་ངག་གི་ལས་སོ། ། ཞེས་གསུངས། འདུལ་བ་རྣམ་པར་འབྱེད་པའི་ཚིག་རྣམ་པར་བཤད་པ་༼ ཚུ ༽༨༦ན༡ ལས། གཞོགས་སྟེགས་ཞེས་བྱ་བ་ནི་མིག་ཟུར་བྱེད་པ་ལ་སོགས་པའོ། །ཞེས་གསུངས་སོ། །