From Rangjung Yeshe Wiki - Dharma Dictionary
< Dictionaries(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
| གཞོགས་སློང༌
|
| Tibetan Definition
|
1 ལོག་འཚོ་ལྔའི་ཡ་གྱལ་ཞིག རྫས་དེ་འཐོབ་པར་བྱ་བའི་ཕྱིར་གཞན་གྱི་རྫས་ལ་བསྔགས་པ་བྱེད་པའོ། །ཀླུ་སྒྲུབ་ཀྱི་དབུ་མ་རིན་ཆེན་འཕྲེང་བ་ལས། གཞོགས་སློང་དེ་ནི་ཐོབ་བྱའི་ཕྱིར། །གཞན་གྱི་རྫས་ལ་བསྔགས་བྱེད་པའོ།། ཞེས་གསུངས། དེའི་ཐད་ཀྱི་རིན་ཆེན་དར་ཊཱིཀ་ལས། གཞོགས་སློང་ནི། གཞན་གྱི་ལས་འདི་ལྟ་བུ་བྱས་ན་རྙེད་པ་དེ་ཐོབ་ན་ཅི་མ་རུང་སྙམ་པས། དེའི་དོན་དུ་ལས་བྱེད་ཅིང༌། ཁྱེད་ཀྱི་ལྷུང་བཟེད་འདི་ནི་མཛེས་སོ། །ཁོ་བོས་ཀྱང་འདི་ལྟ་བུ་རྙེད་ན་གཙང་བར་བྱ་ན། སྦྱིན་པ་པོའང་རྙེད་དཀའོ་ཞེས་རྫས་ལ་རྐམ་པ་ལས་སྨྲ་བའོ། །ཞེས་གསུངས་པ་ལྟར་རོ། །
|