1346

From Rangjung Yeshe Wiki - Dharma Dictionary
< Dictionaries
Revision as of 11:37, 26 May 2022 by Jeremi (talk | contribs) (CSV import of sgom sde tshig mdzod chenmo)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
གཡོ་སྒྱུ
Tibetan Definition 2 གཞན་བསླུ་བར་འདོད་པ་ལ་གཡོ་དང་། ཁ་ཞེ་མི་མཚུངས་པ་ལ་སྒྱུ་ཞེས་བྱ་སྟེ། སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་བློ་གྲོས་མི་ཟད་པས་བསྟན་པའི་མདོའི་རྒྱ་ཆེར་འགྲེལ་པ་༼ ཅི ༽༤༤ན༤ལས། གཡོ་ནི་སེམས་ཅན་རྣམས་ལ་བྲིད་ཅིང་བསླུ་བར་སེམས་པའོ། །ཞེས་དང་། གཞན་དུ་སྨྲ་ཞིང་གཞན་དུ་སེམས་པ་ནི་སྒྱུའོ། །ཞེས་གསུངས་པ་ལྟར་རོ། །དབུ་མ་རིན་ཆེན་ཕྲེང་བ་༡༢༢ན༤ལས། གཡོ་ནི་ཤིན་ཏུ་སླུ་བ་སྟེ། །སྒྱུ་ནི་སེམས་རྒྱུད་གྱ་གྱུ་ལ། །ཞེས་གསུངས་སོ། །ཡང་སྒྲ་བཤད་ནི། གཡོ་ནི་མི་བརྟན་པ། སྒྱུ་ནི་གྱ་གྱུ་སྟེ་མི་དྲང་བའི་དོན་ནོ། །སྒྱུ་དང་། གྱུ། ཀྱུ། ཀྱོ་རྣམས་ཀྱོག་ཀྱོག་གི་དོན་ཡིན། དཔེར་ན་གྱ་གྱུ། ལྕགས་ཀྱུ། ལྕགས་ཀྱོ་ལྟ་བུ། རྗེའི་རྣམ་གཞག་རིམ་པའི་རྣམ་བཤད་དུ། ཡོན་ཏན་མེད་བཞིན་དུ་ཡོད་པ་ལྟར་སྟོན་པ་གཡོ། རང་སྐྱོན་སྦེད་པ་ལ་སྒྱུ་ཞེས་ལམ་རིམ་དུ་གསུངས་པ་དང་གོ་ལྡོག་ནས་གསུངས་པ་ལྟ་བུར་སྣང་ཡང་ཡི་གེ་དག་མ་དག་སོགས་དཔྱད་པར་འོས་སོ། །