From Rangjung Yeshe Wiki - Dharma Dictionary
< Dictionaries(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
| གཤོན་པ
|
| Tibetan Definition
|
བསྐྱོན་པའི་དོན་ཡིན། དཔེར་ན་རྟ་དང་གསལ་ཤིང་ལ་གཤོན་ཞེས་པ་ལྟ་བུ། ཤོན་ནི་སྐུལ་ཚིག་ཡིན། གཤོན་པ་ནི་བཞོན་པའི་དོན་ཡང་ཡིན། ཚིག་འདི་ལ་དལ་བུས་བརྟགས་ན་བཞོན་ཞེས་པའི་ཚིག་དང་ཡིག་གཟུགས་དང་སྒྲ་གདངས་བཅས་ཧ་ཅན་ཉེ་པོ་ཡོད་པས། གཤོན་ཞེས་པའི་ཚིག་འདི་ཀ་རིམ་གྱིས་འགྱུར་ནས་བཞོན་ཞེས་པའི་ཚིག་འདིར་གྱུར་པར་སེམས་སོ། །འདི་ལ་དུས་གསུམ་དང་སྐུལ་ཚིག་བཅས་ཡོད་ངེས་པས་བཙལ་ནས་གཏན་ལ་ཕབ་དགོས། འདུལ་བ་ལུང་གཞི་༼ ང་པ ༽༢༦༧བ་༧ལས། གྲོང་ཁྱེར་གྱི་ལྷོ་ཕྱོགས་ཀྱི་སྒོར་ཕྱུང་ནས་གསོན་པོ་ཉིད་དུ་གསལ་ཤིང་ལ་གཤོན་ནོ། །ཞེས་དང་། འདུལ་བ་ལུང་གཞི་༼ ང་པ ༽༢༦༨ན་༡ལས། ཇི་ཙམ་ན་དེ་གསལ་ཤིང་ལ་གཤོན་པར་མཐོང་ནས་དེ་སྐད་མི་གསལ་ཞིང་མིག་མཆི་མས་གང་ལ་སྙིང་རྗེ་བའི་ཚིག་གིས་དལ་བུ་དལ་བུས་སྨྲས་པ། ཞེས་གསུངས་སོ། །
|