1472

From Rangjung Yeshe Wiki - Dharma Dictionary
< Dictionaries
Revision as of 12:37, 26 May 2022 by Jeremi (talk | contribs) (CSV import of sgom sde tshig mdzod chenmo)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
གསལ་ཞིང་རིག་པ
Tibetan Definition ཤེས་པའི་ངོ་བོའམ་མཚན་ཉིད། སྒྲ་བཤད་ནི། རང་གི་ངོ་བོ་གསལ་ཞིང་ཡུལ་རིག་པའི་བྱ་བ་བྱེད་པས་ན། གསལ་ཞིང་རིག་པ་ཞེས་བྱའོ། །ཤེས་པ་ལ་དབྱིབས་དང་ཁ་དོག་སོགས་མེད་པས་གསལ་བ་ཇི་ལྟར་འཇོག་ཅེ་ན། འདིའི་གསལ་ཞེས་པ་དཔེར་ན། དེ་རིང་ང་རིག་པ་གསལ་པོ་འདུག གསལ་པོ་མི་འདུག དེ་རིང་ང་རིག་པ་དྭངས་པོ་འདུག དྭངས་པོ་མི་འདུག་ཅེས་པ་ལྟ་བུའི་གསལ་བ་ལ་གོ་དགོས། མཁས་པ་འགའ་ཞིག་གིས། གསལ་ཞེས་པ་ཡུལ་གསལ་བར་བྱེད་པ་ལ་བཤད་པ་ནི་ལེགས་པར་མ་མཐོང་ངོ་། །དེ་ལྟར་ན་གསལ་ཞིང་རིག་པ་ཞེས་པའི་ཚིག་སྔ་ཕྱི་གཉིས་ཀས་ཡུལ་རིག་པའི་དོན་སྟོན་པས་དེ་གཉིས་ཟློས་སྐྱོན་དུ་འགྱུར་རོ། །གཞན་ཡང་། གསལ་ཞིང་ཞེས་པས་ངོ་བོ་དང་། རིག་པ་ཞེས་པས་བྱེད་ལས་སྟོན་པ་ཡིན་ཏེ། དཔེར་ན་ཚ་ཞིང་ཞེས་པས་མེའི་ངོ་བོ། སྲེག་པ་ཞེས་པས་དེའི་བྱེད་ལས་སྟོན་པ་བཞིན་ནོ། །